ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱི“ཚོད་སླེ”འགན་སྲུང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “སྔོ་ཚོད་དང་འབྲུ་སྣུམ་ཕྱེ་སོགས་དངོས་ནས་ཕྱི་རོལ་དང་བསྡུར་ན་གོང་བདེ་བ་ཡིན་ཞིང་། འདི་ནི་སྲིད་གཞུང་གིས་ང་ཚོ་མང་ཚོགས་ལ་བྱིན་པའི་ཕན་ཁེ་རེད་ཡ” ཟླ་དང་པོའི་ཚེས7ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་ནས་ཤེས་གསལ་ལྟར་ན། ལོ་སར་སྐབས་ཀྱི་གྲོང་ཁྱེར་སྡོད་དམངས་ཀྱི“ཚོད་སླེ”དང“འབྲས་ཁུག”གཏན་འཇགས་ཡོང་ཆེད། ཡུས་ཧྲུའུ་གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི“མཁོ་འདོན་གཏན་འཇགས་དང་རིན་གོང་འགན་སྲུང་། དམངས་ཕན”གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། དུས་ཆེན་སྔོན་གྱི་དངོས་གོང་གཏན་འཇགས་དང་མཁོ་འདོན་འདང་ངེས་བྱས། 

རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཧུར་ཐག་གིས་ཞིང་ཞོར་ཐོན་རྫས་གོང་བདེ་ཚོང་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ལོ་ངོ་མང་པོའི་རིང་མུ་མཐུད་དུ་ལག་ལེན་དང་ལེགས་བཅོས་བྱས་པ་བརྒྱུད། ད་ལྟ་གོང་བདེ་ཚོང་ཁང་དེ་སྲིད་གཞུང་གིས“ཚོད་སླེ”ཚོང་རྫས་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་ཀྱི་འཛིན་ལུང་དུ་གྱུར་ཡོད། 2022ལོར་ཡུས་ཧྲུའུ་གྲོང་ཁྱེར་གྱིས“ཚོད་སླེ”མཁོ་འདོན་བྱེད་པའི་དུས་མཚུངས་སུ། ལོ་བརྒལ་ཕྱིར་འཚོང་བྱ་འགུལ་ལ་སྲིད་ཇུས་རྒྱབ་སྐྱོར་བྱས། ད་ལྟ། གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་ཡིས་གྲོང་ཁྱེེར་དང་ཁུལ་དུ་གོང་བདེའི་ཟས་རིགས་ཕྱིར་འཚོང་ཁང16སྒྲིག་འཛུགས་བྱས་ཤིང་། ཤ་རིགས་དང་སྔོ་ཚོད། བྱ་སྒོང་རིགས། སིལ་ཏོག་སོགས་ཞིང་ཞོར་ཐོན་རྫས་ལ། སྐྱེལ་འདྲེན་འགྲོ་གྲོན་ཁ་གསབ་དང་དངོས་པོ་ནང་འཇུག་འགྲོ་གྲོན་ཁ་གསབ། དེ་མིན་ཟད་གྲོན་ཁ་གསབ་ཀྱི“གསུམ་གསབ”བྱེད་ཐབས་ལ་གཅིག་གྱུར་དངོས་གོང་ཚོད་འཛིན་བྱས་པ་མ་ཟད། དྲ་ཚིགས་སོ་སོའི་གོང་བདེའི་སྔོ་ཚོད་རིགས15%ལས་མི་ཉུང་བ་དང་། ཚོང་རའི་ཆ་སྙོམས་རིན་གོང་གི15ཡས་མས་ལས་དམའ་བ་དང་། གོང་བདེའི་བྱ་སྒོང་སོགས་ཕྱིར་འཚོང་རིན་གོང་དེ་ས་གནས་ཀྱི་ཚོང་རའི་རིགས་འདྲ་བ5%ཡན་ལས་དམའ་བ་ཡིན། དུས་མཚུངས་སུ། གྲོང་ཁྱེར་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་ལྔ་སྐྱོང་ཁྱིམ་ཚང་། དབང་བོ་སྐྱོན་ཅན། ཁོར་སྲུང་མི་སྣ་སོགས་ཡོང་སྒོ་དམའ་བའི་ཁྱིམ་ཚང་གིས་འབྲས་དང་ཕྱེ། སྣུམ་སོགས་རིགས་གསུམ་གྱི་ལོ་སར་ཚོང་རྫས་ཉོ་སྒྲུབ་སྟེང་། སྲིད་གཞུང་གི་ཁ་གསབ་རིན་གོང་ལོངས་སུ་སྤྱད་ཆོག

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།