མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་གྲོས་ཚོགས་སུ་ཞུགས་ནས་རྟེན་འབྲེལ་ཞུས།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཏུའུ་ཅེ་ཡིས་མགོ་འཛིན་གནང་། ཝང་ཞོན་གྱིས་གྲོས་གཞི་བྱ་བའི་སྙན་ཞུ་ཕུལ།

363636.jpg

ཟླ་དང་པོའི་ཚེས20ཉིན་གྱི་སྔ་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། 

གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན396ཡོད་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན340ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མ་ཧྥིན་ཧྲིན། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་། ཏུའུ་ཅེ་ཡིས་ཚོགས་ཆེན་ལ་མགོ་འཛིན་གནང་།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ལི་ཅེ་ཞང་། ཡུས་ཚུང་ལི། མཱ་ཅི་ཞའོ། ཡན་པའེ། ཁྲིན་རུའེ་ཧྥིན། ལིའུ་ཀེ་ཕིང་། ཝང་ལི་མིང་། ཀྲའོ་ཡུའེ་ཞ་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ནས། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

གྲོས་ཚོགས་སྟེང་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཞུགས་མགོ་བརྩམས་པའི་ལོ་དང་པོ་ཡིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡང་ཡིན། ལོ་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང། དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་གནང་བར་མ་ཟད། སྔ་གཞུག་ཏུ་ཐེངས་གཉིས་ལ་མཚོ་སྔོན་གྱི་བྱ་བར་བླང་བྱ་གལ་ཆེན་བཏོན་ནས། ང་ཚོས་ཧུར་ཐག་སྒོས་རྒྱང་སྐྱོད་གྱི་ལམ་བུ་གསར་པར་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཐད་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་སྒུལ་ཤུགས་ཆེན་པོ་བསྣན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཕེལ་རྒྱས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ལོ་གཅིག་གི་ནང་། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་གནས་ལས་འགན་ལག་བསྟར་གྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་དང་དམ་པོར་སྦྲེལ་ནས། སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་པ་བླངས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་བརླིང་ཐད་བློ་གྲོས་བཏོན་པ་དང་སྟོབས་ཤུགས་ཕུལ།

རྡོ་རྗེ་རབ་བརྟན་གྱིས་ཕྱོགས་ལྔ་ནས་འདས་པའི་ལོ་གཅིག་རིང་གི་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་ཆ་ཚང་བྱས། ཁོས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་འབུར་ཐོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་རྒྱུས་ལོན་གསལ་བོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་རེ་བ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སྤེལ་ཏན་ཏིག་ངང་སྤེལ་བ་དང་། དཔེ་ཀློག་བྱ་འགུལ་སྤེལ་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དག་གིས“གཏན་ཁེལ་གཉིས”བརྩི་སྲུང་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པའི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་གནས་ལས་འགན་ལ་དམིགས་ནས་གྲོས་མོལ་བློ་འདོན་བྱས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། “གསར་གསུམ”དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དཔྱད་གཞིར་དམིགས་ནས་གྲོས་མོལ་སྲིད་གླེང་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། འགན་སྒྲུབ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བར་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱས།  འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་མང་པོ་འབྲེལ་ཡོད་སྡེ་ཁག་གི་སྲིད་ཇུས་བྱེད་ཐབས་ནང་བཅུག་ཡོད། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བའི་འགན་ནུས་གལ་ཆེན་ལག་བསྟར་ནན་མོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ལ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བའི་བླང་བྱ་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་སྒྲོག་འགྲེལ་དང་རྟོག་ཞིབ་ལྟ་ཞིབ། གྲོས་མོལ་སྲིད་གླེང་། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་བྱ་བའི་ཁྲོད་ཁྱབ་པར་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་མགོ་རྩོམ་པར་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་སྲིད་གྲོས་བྱ་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཤིང་། སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་བྱ་བར་རྒྱུན་མ་ཆད་པར་ཤུགས་བསྣན། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས“དགེ་མཚན་ལྡན་པའི་ནུས་པ་གཉིས”འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཤུགས་སྣོན་གྱི་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཏེ། གྲོས་མོལ་བྱ་འགུལ་ཚད་ལྡན་དུ་གཏོང་བ་དང་། གྲོས་མོལ་སྤུས་ཚད་མཐོར་འདེགས་བྱེད་པ། གྲུབ་འབྲས་སྒྱུར་སྤོར་ལ་ཡར་སྐུལ་བྱེད་པ། ཨུ་ཡོན་གྱི་སྐྱེད་སྲིང་ལ་ཤུགས་སྣོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་ཕྱོགས་ནས། ལམ་ལུགས་སྣ་ཚོགས་བཙུགས་ཏེ་འཐུས་ཚང་དུ་བཏང་བ་དང་། ལས་རིགས་ཨུ་ཡོན་གྱི་ལས་དོན་ཁང་གསར་འཛུགས་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དམིགས་དམངས་གཙོའི་ལྟ་སྐུལ་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་པ་དང་། གྲོས་གཞི་གཙོ་བོ་བཤེར་སྒྲུབ་ཟབ་མོར་སྤེལ་ལ། དུས་ཡུན་རིང་པོར་གཞི་རིམ་སྲིད་གྲོས་དཀའ་ལས་ལ་གཏད་པའི“ཉམས་ཞན་གཉིས”ཀྱི་གནད་དོན་ཧུར་ཐག་གིས་ཐག་བཅད་དེ། སྲིད་གྲོས་རྩ་འཛུགས་ཀྱི་རང་ཞིང་གི་ས་གནས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་ཕན་ནུས་ལྡན་པར་བཏོན། ཏང་གི་སྲིད་གྲོས་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་སྦྲེལ་ནས། མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྣ་ཚོགས་ལྟར་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བ་སྣ་ཚོགས་ལ་ཇུས་འགོད་སྐུལ་སྤེལ་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་འགན་ནུས་ལས་འགན་དང་ཟུང་འབྲེལ་བྱས་ནས“ཨུ་ཡོན་གཅིག་དང་མིང་རྟགས་གཅིག”གི་ཏང་འཛུགས་བྱ་བའི་མིང་རྟགས་གསར་སྐྲུན་བྱས་ཏེ། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་ཆུ་ཚད་མཐོ་བའི་འགན་སྒྲུབ་ལ་ཁྲིད་སྟོན་བྱས་ནས། “དོན་འཁྱོལ་བྱེད་པ་དང་གཅིག་སྡུད་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ལེགས་པོར་ཕྲག་ཏུ་ཁུར་ཡོད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། 2022ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་ཞིང་། ཀྲུང་གོ་གུང་ཁྲང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མི་འགྱངས་བར་ཚོགས་རྒྱུ་ཡིན་པས། མི་དམངས་སྲིད་གྲོས་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྔོན་མ་དག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་འབུར་ཐོན་ཡོང་བར་བྱས་ཏེ། མི་དམངས་དམངས་གཙོ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱི་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ནུས་པ་ལག་ལེན་དུ་བསྟར་དགོས། ཐུན་མོང་ངོས་འཛིན་སྔར་ལས་གཅིག་གྱུར་བྱེད་པ་དང་།  “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་པར་འབད་བརྩོན་ལྷོད་མེད་བྱས་ཏེ།  ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

རྡོ་རྗེ་རབ་བརྟན་གྱིས་སྙན་ཞུའི་ཁྲོད་ད་ལོའི་བྱ་བ་གཙོ་བོའི་ཕྱོགས་ཆེན་པོ་ལྔ་བཏོན་ཡོད་དེ། གཅིག་ནི་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དམ་པོར་འཛིན་པ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་རྩ་བའི་རང་བཞིན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་དམ་པོར་ཆུད་དགོས། གཉིས་ནི་ཞིང་ཆེན་ཡོངས་ཀྱི་ལས་འགན་གཙོ་བོ་ལ་དམ་པོར་དམིགས་ནས་གྲོས་མོལ་བློ་འདོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་དམིགས་ནས། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་གཏོད་པ་དང་། རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་རིན་ཐང་དང་ཤུགས་རྐྱེན་ཐེབས་ཚད་མཐོར་འདེགས་སུ་གཏོང་བ་སོགས་གཙོ་གནད་གྲོས་མོལ་སྲིད་གླེང་གི་དཔྱད་གཞི40ལ་བརྟག་དཔྱད་ཞིབ་མཇུག་དང་བློ་འདོན་ཇུས་འབུལ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཞབས་ཞུ་སྔར་ལས་ལེགས་པོ་སྒྲུབ་དགོས། གསུམ་ནི་ནན་ཏན་སྒོས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཇེ་དྲག་དང་མཐུན་སྒྲིལ་སྐུལ་སྤེལ་བྱ་བ་ལེགས་པོར་སྒྲུབ་ནས། སྲིད་གྲོས་ཀྱི་འབྲེལ་ནུས་ཁྱབ་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་སྣེ་ཁྲིད་ཤུགས་སྣོན། འབྲེལ་བ་མཐུན་སྦྱོར་བཅས་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དྲང་ནུས་སྟོབས་ལྡན་རྒྱུན་ཆད་མེད་པར་གཅིག་སྒྲིལ་བྱེད་དགོས། བཞི་ནི་སྲིད་གྲོས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། དྲང་འཛིན་གསར་སྐྲུན་གྱིས་འགན་སྒྲུབ་བྱ་བ་སོ་སོ་ལེགས་པོར་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་དགོས། ལྔ་ནི་བློ་བརྟན་འགྱུར་མེད་ངང་ཏང་གིས་སྲིད་གྲོས་བྱ་བར་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་དེ་རང་ཞིང་གི་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་དང་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ། གྲོས་མོལ་སྲིད་གླེང་། དཔུང་ཁག་འཛུགས་སྐྲུན་སོགས་ཀྱི་ཐད་མཐའ་གཅིག་ཏུ་མངོན་པར་བྱས་ནས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་རང་འགུལ་ངང་ལག་བསྟར་བྱས་ཏེ། སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། མཐུན་སྦྱོར་གཅིག་གྱུར་གྱིས་བྱ་བ་སྤེལ་བར་ཐོག་མཐར་བར་གསུམ་དུ་ཁག་ཐེག་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་སྣེ་ཁྲིད་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།

ཝང་ཞོན་གྱིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་ལ། སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་གྲོས་གཞི380བཏོན་པ་དང་། ཞིབ་བཤེར་བྱས་རྗེས་གྲོས་གཞི286ཐོ་འགོད་བྱས། མིག་སྔར་གྲོས་གཞི་ཚང་མ་དུས་ལྟར་བསྒྲུབས་ནས་ལན་སློག་ཡོད།

ཀྲང་ཀོང་རུང་དང་མཱ་ཝེ། ཉའོ་ཁྲིན་ཡུང་། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཀྲང་ལི། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། ལི་ཧུང་ཡ། ཀྲང་ཙེ་ཅུན། ཀྲ་ཆིན་ཅིའུ། ལི་ཙའེ་ཡོན། མཱ་ཀྲི་ཝེ་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།