ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་ཝང་དབྱང་གིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལ་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐེངས3གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། གྲོས་ཚོགས་ལ《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ》(གཤམ་དུ《སྙན་ཞུ》ཞེས་བསྡུ་རྒྱུ)ཕུལ་བ་རེད།

888.jpg

རྡོ་རྗེ་རབ་བརྟན་གྱིས་ཚོགས་ཆེན་ལ་སྙན་ཞུ་ཕུལ་བཞིན་པ།

《སྙན་ཞུ》ཁྲོད། 2021ལོར་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་སོ་སོར་གྲུབ་འབྲས་གསར་བ་བླངས་ཡོད། ལོ་གཅིག་གི་རིང་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྔ་གཞུག་ཐེངས་གསུམ་ལ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཤུགས་སྣོན་ཐད་ལོ་གསུམ་གྱི་འགུལ་སྐྱོད་དང་། ཉམས་ཞན་གཉིས་ཀྱི་གནད་དོན་ཐག་གཅོད། 2021ལོར་མཚོ་སྔོན་དུ་བསྡད་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་གནས་ཚུལ་སོགས་ཀྱི་ཆེད་དོན་བྱ་བར་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཅིན་ལི་དང་ལི་པིན། སུའུ་ཧའེ། ཧི་ཝེ། ཀའོ་ཡུང་ལུང་བཅས་ཀྱིས་འབྲེལ་ཡོད་རྟོག་ཞིབ་སྙན་ཞུར་ཆོག་མཆན་ཐེངས8བཀོད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་མགོ་ཁྲིད་ཀྱིས་སྲིད་གྲོས་ཀྱིས་ཕུལ་བའི་གྲོས་མོལ་གྲུབ་འབྲས་གལ་ཆེན33ལ་ཆོག་མཆན་གནང་སྟེ། མི་དམངས་སྲིད་གྲོས་ཀྱིས་ས་གནས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཕན་ནུས་གལ་ཆེན་མངོན་པར་མཚོན་ཡོད་པ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།