ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

LOCAL202201201025000241864831510.jpg

ཚོགས་རའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། གྲོས་ཚོགས་སྟེང་ཞུགས་དགོས་པའི་ཨུ་ཡོན396ཡོད་པ་དང་། དངོས་སུ་ཞུགས་མཁན340ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ་གྲོས་ཚོགས་ལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ།

སྙན་ཞུས་འདས་པའི་ལོ་གཅིག་གི་རིང་དུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་འབུར་དུ་བཏོན་ནས། ཐུན་མོང་གི་ཆབ་སྲིད་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་འགན་འཁྲིར་དམིགས་ནས་གྲོས་མོལ་བློ་འདོན་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། ནན་ཏན་སྒོས་ཐུན་མོང་ངོས་འཛིན་གཅིག་མཐུན་གྱི་འགན་ནུས་གལ་ཆེན་ལག་ལེན་བསྟར་ནས། མཐུན་སྒྲིལ་ཆེན་མོ་དང་གཅིག་བསྡུས་ཆེན་མོའི་ལེགས་ཆ་རྒྱུན་ཆད་མེད་པར་ཆགས་ཡོད། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཤུགས་སྣོན་ཐད་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་ངང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་སྤུས་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད་པར་བསྟན། 

སྙན་ཞུས2022ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་རྩ་གནད་དོན་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་འཚོགས་ལ་ཉེ་བས། མི་དམངས་སྲིད་གྲོས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དམ་འཛིན་བྱས་ནས། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གསར་བ་འཛུགས་སྐྲུན་ཀྱི་སྤྱི་ཡོངས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། གཅིག་མཐུན་ངོས་འཛིན་མཐོར་འདེགས་དང་མཐུན་སྒྲིལ་སྐུལ་འདེད་བྱ་བ་ལེགས་པོར་སྒྲུབ་ནས། རྒྱུན་ཆད་མེད་པར་སྲིད་གྲོས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་བ་དང་། ཏང་གིས་སྲིད་གྲོས་བྱ་བའི་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་པ་སོགས་ཀྱི་ཐད་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས་པར་གསལ་བོར་བསྟན་ཡོད། 

2021ལོར། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ནང་ཞུགས་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་མཚོ་སྔོན་གྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང“གནས་བཞི”འཛུགས་སྐྲུན། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་དོ་སྣང་བྱེད་པའི་ཛ་དྲག་གནད་འདུས་ཀྱི་གནད་དོན་ལ་གཞིགས་ནས། ཧུར་ཐག་སྒོས་སྲིད་གླེང་གྲོས་འདོན་བྱས་ཡོད། བསྡོམས་པས་གྲོས་གཞི380བཏོན་པ་དང་། གྲོས་ཞིབ་བྱས་པ་བརྒྱུད། གྲོས་གཞི286ཐོ་འགོད་བྱས་ཡོད། དེ་དག་འགན་སྒྲུབ་ལས་ཁུངས69ལ་སྤྲད་ནས་སྒྲུབ་རྒྱུ་དང་། གྲོས་གཞི་དག་དུས་ལྟར་སྒྲུབ་ནས་ལན་སློག་དགོས། །

LOCAL202201201025000257978333585.jpg

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བཞིན་པ།

LOCAL202201201025000251275366116.jpg

ཚོགས་རའི་ཡུལ་དངོས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།