ཀྲུང་གོ་བོད་ཀྱི་དྲ་བ།

པར་རིས་གཅིག་གི་ལམ་ནས་སྲིད་གྲོས་བྱ་བའི་སྙན་ཞུར་ལྟ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།ཀླུ་མོ་མཚོ།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་རིས་གཅིག་གི་ལམ་ནས་སྲིད་གྲོས་བྱ་བའི་སྙན་ཞུར་ལྟ་བ།

ཟླ་དང་པོའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་འཚོགས་མགོ་བརྩམས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།

2021ལོའི་བྱ་བ་གཙོ་བོ། 

ས་གནས་རང་བཞིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ཁག11ལ་དམིགས་ནས་ཁྲིམས་འཛུགས་གྲོས་མོལ་བྱས་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ནུབ་རྒྱུད་ཀྱི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཆུས་ཀྱི་སྲིད་གྲོས་ཀྱི་ཀྲུའུ་ཞིས་མཉམ་གཅིག་དུ་མིང་ཐོ་བཀོད་ནས་གྲོས་གཞི9བཏོན་པ།

ཨུ་ཡོན་གྱིས་གྲོས་གཞི71བཏོན་ཡོད།

ཚོགས་ཆེན་སྟེང་གཏམ་བཤད10སྤེལ་བ།

སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་རིགས14ཡོད།

མཉམ་འབྲེལ་རྟོག་ཞིབ་ཐེངས14ལེགས་འགྲུབ་བྱུང་བ།

གྲོས་གཞི123ཡར་ཞུ་བྱས་པ། 

གྲོས་ཚོགས་ཀྱི་གཏམ་བཤད་ཡིག་ཆ54སྤྲད་པ། 

སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན94ཡོད། 

ཨུ་ཡོན་གྱིས་རང་ལ་སློབ་གསོ་གཏོང་བ་བརྗོད་གཞིར་བྱས་པའི་ཐུན་མོང་གི་ལྟ་ཞིབ་ཐེངས་དང་པོ་སྤེལ་བ།

ཨུ་ཡོན་གྱི་ཆེད་དོན་གསོ་སྦྱོང་ཐེངས4ལ་སྤེལ་བ། 

ཁྱད་ཆོས་འབུར་ཐོན་ཡིན་པའི་ཏང་འཛུགས་སྐྱོང་གི་མིང་རྟགས10སྐྲུན་པ། 

ཕྱོགས་ཆེན་པོ་ལྔ། 

(གཅིག)  ཏང་གི་གཞུང་ལུགས་གསར་གཏོད་དམ་འཛིན་ཏན་ཏིག་བྱས་ཏེ། ཐུན་མོང་གི་ཆབ་སྲིད་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ།

(གཉིས)ཞིང་ཆེན་ཡོངས་ཀྱི་ལས་འགན་གཙོ་བོ་ལ་དམ་པོར་དམིགས་ནས་གྲོས་མོལ་བློ་འདོན་བྱས་ཏེ། ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པར་ཆེད་དུ་གྲོས་མོལ་བྱས།

ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”འགན་འཁྲི་ཆེན་པོ་ཡིད་ལ་དམ་པོར་བཅངས། 

སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་དམ་པོར་དམིགས་པ། 

ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ། 

དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱ་བར་རྒྱུན་མཐུད་ངང་དོ་སྣང་བྱས་པ། 

ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་དོན་ལ་ཧུར་ཐག་གིས་ཞུགས་པ། 

(གསུམ) ནན་ཏན་སྒོས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བའི་འགན་ནུས་དང་ལེན་བྱས་ཏེ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ལེགས་ཆ་རྒྱུན་ཆད་མེད་པར་ཆགས་ཡོད། 

(བཞི)སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཤུགས་སྣོན་ཐད་ལོ་གསུམ་གྱི་འགུལ་སྐྱོད་བསྟུད་མར་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་། 

ཆབ་སྲིད་གྲོས་མོལ་སྔར་ལས་ཚད་ལྡན་དུ་བཏང་བ། 

ཆེད་མཁས་ཨུ་ལྷན་འཛུགས་སྐྲུན་སྔར་ལས་གཏིང་ཟབ་ཏུ་ཕྱིན་པ། 

ཨུ་ཡོན་གྱི་འགན་ལེན་སྔར་ལས་སྐུལ་འདེད་བཏང་བ། 

རྒྱུན་ལྡན་རང་བཞིན་གྱི་བྱ་བར་སྔར་ལས་ལེགས་བཅོས་བྱུང་བ། 

གཞི་རིམ་ལ་སྣེ་ཁྲིད་པར་སྔར་ལས་ཤུགས་བསྣན་པ། 

(ལྔ)ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་གཞིའི་འགན་འཁྲི་མཐའ་གཅིག་ཏུ་དང་ལེན་བྱས་ཏེ། ཏང་གིས་སྲིད་གྲོས་བྱ་བའི་མགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ། 

2022ལོའི་བྱ་བ་གཙོ་བོ།

2022ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་མི་འགྱངས་བར་འཚོག་རྒྱུ་ཡིན་པས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།

 སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་གུང་ཞིང་ཆེན་ཏང་ཨུའིི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྔོན་མ་དག་གི་དགོངས་པ་སློབ་སྦྱོང་ལག་ལེན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་ཀྱི་དགོངས་པ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། འཕེལ་རྒྱས་གསར་པའི་དུས་མཚམས་ལ་རྐང་ཚུགས་པ། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར།  འཕེལ་རྒྱས་གསར་པའི་སྒྲིག་གཞི་གསར་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཐུན་སྒྲིལ་དང་དམངས་འཚོའི་བརྗོད་གཞི་གཉིས་འབུར་ཐོན་ཡིན་པ། ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་ལས་དོན་ཀྱི་སྤྱི་ཡོངས་ལ་དམིགས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས་དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོ་སྔོན་འཛུགས་སྐྲུན་གྱི་ལེའུ་གསར་བ་བརྩམ་ནས། ཕུལ་བྱུང་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

(གཅིག) ཏང་གི་གཞུང་ལུགས་གསར་གཏོད་དམ་འཛིན་ཏན་ཏིག་བྱེད་པ།

(གཉིས) མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྤྱི་ཡོངས་གྲོས་མོལ་སྲིད་གླེང་ལ་ཐོག་མཐའ་བར་གསུམ་དུ་དམིགས་པ།

(གསུམ) ཐུན་མོང་གི་ངོས་འཛིན་ཇེ་དྲག་དང་མཐུན་སྒྲིལ་བྱ་བར་སྐུལ་འདེད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ།

(བཞི) སྲིད་གྲོས་ཀྱི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།

(ལྔ) ཏང་གིས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།