ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། གྲོས་ཚོགས་སྟེང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ངམ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡེན་པའེ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་དང་ཆེད་དོན་བྱ་སྤྱོད་ཐད་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་ཡིས་གཏམ་བཤད་གནང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ན་ནིང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་ཕྱོགས་བདུན་གྱི་བཀྲག་མདངས་འཚེར་སར་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་སྤྱི་བདེའི་ལས་དོན་གྱི“ངེས་པར་བརྒྱད”ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡུས་བྱས། མིག་སྔའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འབུར་ཐོན་ལ་དབྱེ་ཞིབ་དང་བརྡར་གཅོད་གཏིང་ཟབ་བྱས་ནས། ད་ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་དང་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་བདེ་པུའུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། “མི་དམངས་འཐུས་མི་ཚོགས་ཆེན་སྐབས་ཉི་ཤུ་བ་བསུ་བ་དང་། བློ་དཀར་གཞུང་དྲང་གིས་བདེ་འཇགས་འགན་ལེན་བྱེད”ཅེས་པའི་ལག་ལེན་གྱི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། ཉེན་ཁ་ཚབས་ཆེན་སྔོན་འགོག་གཙང་སེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། “ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་གཙང་སེལ། གྱོད་དོན་ཇེ་ཉུང་དུ་གཏོང་བ། བདེ་འཇགས་ལ་འགན་ལེན་བྱེད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་བྱ་གཞིར་བྱེད་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བེད་སྤྱོད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལྕགས་ལྟར་མཁྲེགས་པ་བཞི”ལྟ་བུའི་སྤྱི་བདེའི་སྟོབས་ལྡན་དམག་དཔུང་སྒྲིག་པར་འགན་ལེན་བྱེད་པ་བཅས་བྱས་ཏེ། སྔར་ལས་ལྷག་པར་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་དགོས། ཉེན་རྟོག་པ་ཡོངས་ལ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་དགོས་པའི་སྐུལ་མ་བཏང་ནས། བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ལ་ནན་འཛིན་ཏན་ཏིག་བྱས་ཤིང་། ཉེན་ཁར་དོགས་ཟོན་དང་བརྟན་བརླིང་སྲུང་སྐྱོང་། བདེ་སྲུང་བརྟན་སྐྱོང་། བདེ་འཇགས་ལྟ་སྐུལ། འཕྲལ་བསྟུན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བཅས་ཀྱི་མཉམ་འབྲེལ་དམག་འཐབ་དང་སྤྱིའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

གྲོས་ཚོགས་སྟེང2021ལོའི་ལོ་འཁོར་གྱི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་དང་བྱ་དགའ་སྤྲད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།