ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཀྱི་ཆེད་དུ་བློ་འདོན་ཇུས་འབུལ་བྱེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ལ་རེ་འབོད་ཡོད་ན་ངས་དང་ལེན་བྱེད། དམངས་ལ་རེ་བ་ཡོད་ན་ངས་དོན་དངོས་སྒྲུབ། དེ་རིང་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི2022ལོའི“ཚོགས་ཆེན་གཉིས”ཀྱི་དུས་སུ་སླེབས་པ་དང་། གཞི་རིམ་ནས་ཡོང་བའི་འཐུས་མི་དང་ཨུ་ཡོན་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་བླངས་ཏེ། གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དོ་ཁུར་བྱས་ཡོད། ཁོང་ཚོས་སྔར་ལས་མང་པའི་དངོས་གཉེར་དང་གནད་འཁེལ་གཏམ་བཟང་བརྒྱུད་དེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པར་བློ་འདོན་ཇུས་འབུལ་བྱེད་སྲིད་པ་ཡིན།

055709d8-5771-48ef-ab38-5f60ce491211.jpg.jpg

སུའུ་ཧྲིན་ཁྲེང་གིས“ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བ་ནང་གི་དོན་ཆེན་ཡིན་པས། ངས་མང་ཚོགས་ཀྱི་བསམ་ཚུལ་ཚོགས་ཆེན་གཉིས་སྟེང་འཁྱེར་རྒྱུ་ཡིན་པ་དང་། ང་ཚོ་སུའུ་ཨར་ཅི་སྡེ་བའི་གཏམ་བཟང་ཚོགས་ཆེན་གཉིས་ཀྱི་སྟེང་སྒྲོག་རྒྱུ་ཡིན་ཞེས་བཤད། 

f27e0c96-dcd9-4176-aff0-574803f7247c.jpg.jpg

ཝང་ལི་ཧྲན་གྱིས་གྲོང་ཁྱེར་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ་དང་། ཟི་ལིང་དུ་འཚར་ལོངས་བྱུང་བའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཝང་ལི་ཧྲན་ལ་མཚོན་ན། ཉེ་བའི་ལོ་འགའི་རིང་ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བར་མྱོང་ཚོར་ཟབ་མོ་ཡོད་ལ། “ཉེ་བའི་ལོ་འགའི་རིང་ཟི་ལིང་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱས་པས་སྡོད་དམངས་ལ་ཐོབ་སྣང་སྔར་བས་མང་པོ་སྐྱེལ་ཡོངཞེས་བཤད། 

7c148293-759b-4647-b076-f9a405ece825.jpg.jpg

ཀྲུའུ་ཨན་ཞང་གིས་ཞིང་བ་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་འཁྱེར་ནས་ཚོགས་ཆེན་གཉིས་ལ་ཞུགས་པ་དང་། ཉེ་བའི་ལོ་འགའི་རིང་ཧུའུ་ཀྲུའུ་རྫོང་གིས་པུའུ་དང་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ཕྱུགས་ལས་དར་སྤེལ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ཡོད་ལ། རྒྱལ་ཁའི་ངང་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གྱི་མིང་ཐོ་ནང་ཚུད་ཡོད་ཅེས་བཤད། 

d13cbefd-8c12-45c3-ae5b-fed0acda59d3.jpg.jpg

མགོན་པོ་ཚེ་བརྟན་གྱིས་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། ཁོས་ནན་ཏན་གྱིས་བྱ་བ་སྒྲུབ་ནས་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ཁྲིམས་ལྟར་ཡག་པོ་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཞེས་བཤད། 

93088233-32fb-48ad-b91d-3d06894abb98.jpg.jpg

ལུའུ་ཧུང་དབྱིང་གིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་ནི་ངས་སེམས་ཁུར་བྱེད་བཞིན་པའི་གནས་དེ་ཡིན་ལ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པ་ནི་རང་ཉིད་ཀྱི་འཚོ་བ་དང་ཡོང་འབབ་ཡིན། ཁོ་མོ་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། འདས་ཟིན་པའི་ལོ་གཅིག་རིང“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”གཙོར་བྱེད་པ་དང་། ད་ལོ་ཡང་སྔར་བཞིན“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”གཙོར་བྱ་རྒྱུ་ཡིན་ཞེས་བཤད། 

f026c046-e581-470e-a8a8-806268f47ee5.jpg.jpg

ཀྲང་ཏུང་ཐའོ་ཡིས་ན་གཞོན་ཁེ་ལས་པ་གསོ་སྐྱོང་བྱེད་པ་ནི་ངས་ད་ལྟ་སྒྲུབ་བཞིན་པའི་ལས་དོན་ཡིན་པ་དང་། དམངས་གཉེར་ཁེ་ལས་པ་ཞིག་ཡིན་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཏུང་ཐའོ་ཡིས་ན་གཞོན་ཁེ་ལས་པ་འཚར་ལོངས་དང་སྐྱེད་སྲིང་བྱེད་པའི་ལས་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ཅེས་བཤད། །


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།