ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁག་གཅིག་གིས་ས་གནས་རྩ་འཛུགས་བྱས་ནས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཞིབ་ཀློག་གྲོས་བསྡུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁག་གཅིག་རྩ་འཛུགས་བྱས་ནས་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གཅིག་སྡུད་སྒོས་ཞིབ་ཀློག་གྲོས་བསྡུར་བྱས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མི་དམངས་འཐུས་མི་ཚོགས་ཆེན་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས།

ཚོགས་ཞུགས་འཐུས་མིས་བརྙན་ལམ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལས་དོན་ཚོགས་འདུའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ཟུར་ཁྲིད་གསལ་འགྲེལ་ལ་ཉན་པ་མ་ཟད། བཟོ་བཅོས་འཆར་ཟིན་ལ་བསམ་འཆར་དང་གྲོས་གཞི་ཡང་བཏོན། འཐུས་མི་རྣམས་ཀྱིས་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ནང་ཞི་ཅིན་ཕིང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་དགོངས་དོན་གལ་ཆེན་རྒྱུན་འཁྱོངས་དང་འཐུས་དུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཀྲུང་དབྱང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་མངོན་གསལ་དོད་པོ་བྱེད་པ། ས་གནས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་སྲིད་གཞུང་གི་རྩ་འཛུགས་དང་བྱ་བའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་དགོངས་དོན་གང་ལེགས་གིས་མཚོན་པར་བྱེད་པ། འཐུས་མི་རྣམས་ཀྱིས་ས་གནས་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན་ལ་བརྩི་སྲུང་། དོན་སྙིང་གལ་ཆེན། ནང་དོན་གཙོ་བོ་བཅས་ཡང་དག་པར་ཁོང་དུ་ཆུད་པ་དང་། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་དང་ཐབས་ཇུས་ཧུར་ཐག་གིས་བཏོན་ནས། བདེ་བླག་ངང་གྲོས་འཆམ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་གཅིག་གྱུར་གྱིས་ངོས་འཛིན་བྱས། 

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། ཞིབ་ཀློག་བགྲོ་གླེང་བྱ་རྒྱུ་ནི“གཏན་འཁེལ་གཉིས”སྲུང་སྐྱོབ་དང་། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་དུ་བརྩི་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་སྒོ་གལ་ཆེན་ཞིག་ཏུ་བརྩི་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་མཐོ་རུ་གཏོང་བ། ཏང་གི་འབོད་སྐུལ་དང་དུ་ལེན་པ། མི་དམངས་ཀྱི་ཕུགས་འདུན་བརྒྱུད་སྒྲག་བྱེད་པ། ངོས་འཛིན་གཅིག་མཐུན་ཆེ་ཤོས་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱེད་པ། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་པ། གྲོས་ཞིབ་ཀྱི་འགན་འཁྲི་ཡག་པོ་ཏན་ཏིག་བསྒྲུབ་པ། སྒྲ་ཡག་པོ་སྒྲོག་པ། གྲོས་མགོ་ལེགས་པར་འདོན་པ། གཏམ་རྒྱུད་ཡག་པོ་བཤད་པ། ཚོགས་ཆེན་གྱི་གྲོས་ཞིབ་བདེ་བླག་ངང་གྲོས་འཆམ་ཡོང་བར་ཁག་ཐེག་བྱེད་པའི་ཁྲོད་མཚོ་སྔོན་གྱི་འཐུས་མིའི་སྣང་བརྙན་བཟང་པོ་གང་ལེགས་ཀྱིས་མངོན་པར་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།