ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི2021ལོའི་ལོ་འཁོར་གྱི“་སློབ་གསོ་ཁྱིམ་དུ་སྐྱེལ་བའི”ལས་སྒོའི་རྩལ་ནུས་གསོ་སྦྱོང་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་བྱུང་བར། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་ཡུལ་དང་པོའི་དོ་དམ་མི་སྣ་དང་ལས་སྒྲུབ་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་ཞབས་ཞུའི་ཆུ་ཚད། དེ་བཞིན་བདེ་འཇགས་རིམས་འགོག་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ཤེས་ལྡན་མི་སྣ་གསོག་འཇོག་དང་གསོ་སྐྱོང་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྤེལ་བའི“སློབ་གསོ་ཁྱིམ་དུ་སྐྱེལ་བ་ཁྱབ་གདལ་གཏོང་བའི”ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱ་བ་བདེ་བླག་ངང་མཇུག་བསྒྲིལ། གསོ་སྦྱོང་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ལས་སྒྲུབ་མི་སྣའི་ཆེད་ལས་རྩལ་ནུས་མཐོ་རུ་ཕྱིན་ཡོད་པ་རེད།

ན་ནིང་ནས་བཟུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ལས་རིགས་གསོ་སྦྱོང་གི་དགོས་མཁོ་ཨང་དང་པོར་བཞག་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། ལས་རིགས་ཞབས་ཞུའི་ཁྱད་ཆོས་ལ་དམ་པོར་དམིགས་པ། བྱ་བའི་ཇུས་གཞི་ཧུར་ཐག་གིས་བཟོ་བ། ཞིང་ཆེན་ཡོངས་སུ་བརྡ་ཐོ་བཏང་ནས་ལས་སྒོའི་གསོ་སྦྱོང་གི་དགོས་མཁོ་བསྡུ་བ་དང་། ལས་སྒོའི་གསོ་སྦྱོང་གི་རིགས་གསེད་བཀྲོལ་བྱེད་པ། ལས་གཉེར་མི་སྣའི་རྩལ་ནུས་ཀྱི་ཞན་ཆ་ཁོང་དུ་ཆུད་པ། གསོ་སྦྱོང་གི་སློབ་ཚན་ཚན་རིག་དང་མཐུན་པར་བཟོས་བ་བཅས་བྱས་ཏེ་སློབ་ཚན་བཀོད་སྒྲིག་དང་དགེ་རྒན་བཀོད་སྒྲིག གསོ་སྦྱོང་དོ་དམ། འགྲོ་གྲོན་བེད་སྤྱོད་བཅས་ཐད་ཀྱི་དོ་དམ་ལ་ཤུགས་བསྣན། ན་ནིང་ཟླ9པ་ནས་ཟླ12པའི་བར་མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ཁུལ4ཡི་རྫོང12ལ་བསྐྱོད་ནསAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྐར་མ་རིམ་པའི་མགྲོན་ཁང་། སྐར་མའི་རིམ་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་། ཡུལ་སྐོར་ལས་དོན་ཁང་སོགས་ཀྱི་དོ་དམ་པ་དང་དེ་བཞིན་ལས་ཞུགས་མི་སྣ་ཁྱོན་སྐོར་ཐེངས13གྱི་མི1004རྩ་འཛུགས་བྱས་ནས་གསོ་སྦྱོང་བྱས། གསོ་སྦྱོང་སྐབས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལས་སྒོའི་རྩལ་ནུས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་མཐོ་རིམ་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་། གཉེར་སྐྱོང་དོ་དམ། ལས་རིགས་ཀུན་སྤྱོད། ཞབས་ཞུའི་གུས་སྲོལ། ལས་རིགས་ཀྱི་ཚད་གཞི། བདེ་འཇགས་རིམས་འགོག་དང་ཆེད་དོན་རྩལ་ནུས་མཐོ་རུ་གཏོང་བ་སོགས་ལ་དམ་དུ་དམིགས་ནས་འཆད་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།