ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས24དང་མི་སྒེར23ལ་རྒྱལ་ཡོངས་ཀྱི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་སྔོན་ཐོན་གྱི་མཚན་སྙན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་ཆར།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས《2016ལོ་ནས2020ལོའི་བར་གྱི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་དང་ཁྲིམས་ལྟར་བཅོས་སྐྱོང་གསར་གཏོད་བྱེད་སྒོའི་སྔོན་ཐོན་ལས་ཁུངས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་ནས། “བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་ཁྲོད་གྲུབ་འབྲས་མངོན་གསལ་དོད་པའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས་པར། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས24དང་མི་སྒེར23ལ་གཟེངས་བསྟོད་ཐོབ།

ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་གྱི་ཁྲོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན་གཞུང་དོན་ཁང་སོགས་ཀྱི་ལས་ཁུངས16ལ“2016ལོ་ནས2020ལོའི་བར་གྱི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་ལས་ཁུངས”ཀྱི་མཚན་སྙན་ཐོབ་པ་དང་། ཀྲང་ཞའོ་ཕིང་སོགས་མི23ལ“2016ལོ་ནས2020ལོའི་བར་གྱི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཁྲིམས་འཛིན་ཅུའུ་སོགས་ཀྱི་ལས་ཁུངས8“2016ལོ་ནས2020ལོའི་བར་གྱི་རྒྱལ་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་གསར་གཏོད་བྱེད་སྒོའི་སྔོན་ཐོན་ལས་ཁུངས”སུ་བདམས་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།