ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱོན་ཡོངས་ནས་ན་གཞོན་གྱི་ཀུན་ཁྱབ་རང་བཞིན་གྱི་ཁེ་ཕན་རེ་ཞུ་མཚོན་པ་དང་། ན་གཞོན་གྱི་གོ་རིམ་ལྡན་པའི་ངང་ཆབ་སྲིད་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱ་ཆེད། ཉེ་ཆར། 2022ལོའི་མཚོ་སྔོན་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

བཞུགས་མོལ་ཚོགས་འདུའི་སྟེང་། རྟོག་ཞིབ་ཚོགས་པའི་འགན་ཁུར་བས་སོ་སོར་ཁྲིད་གཞིའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ན་གཞོན་འཐུས་ཚབ་པས་སློབ་མ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་གནས་ཚུལ་དང་། དབང་བོ་སྐྱོན་ཅན་གྱི་ཁམས་གསོའི་སྦྱོང་བརྡར་སྡེ་ཁག་གི་ན་གཞོན་དགེ་རྒན་གྱི་ཡོང་སྒོའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་བཟའ་བཏུང་ལས་རིགས་ཀྱི་ན་གཞོན་གྱི་སྡོད་ཁང་གནས་ཚུལ་སོགས་ཀྱི་གླེང་གཞིར་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང་བསམ་བློ་བརྗེ་རེས་བྱས་ཤིང་། དམིགས་གཏད་རང་བཞིན་གྱི་བསམ་འཆར་བཏོན། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་སོ་སོར་ན་གཞོན་འཐུས་མི་ཚོའི་བཏོན་པའི་གནད་དོན་ལ་རེ་རེ་བཞིན་ལན་སློག་དང་ཁ་གསབ་བྱས་པ་མ་ཟད། རང་རང་གི་ལྟ་ཚུལ་དང་བསམ་འཆར་བཏོན་ཞིང་། འབྲེལ་ཡོད་གནད་དོན་ཐད་ལེགས་སྒྲིག་བྱས་ཏེ། “ཚོགས་ཆེན་གཉིས”ལ་གྲོས་གཞི་འདོན་པ་དང་། གྲོས་འདོན་དང་བསམ་འཆར་བཏོན་ནས། འཐུས་མི་དང་ཨུ་ཡོན་གྱི་འགན་ནུས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ན་གཞོན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཚུལ་བསྟན། 

2022ལོའི་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བྱ་འགུལ་དེ་གླེང་གཞིའི་བཀོད་སྒྲིག་སྟེང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གི་བྱ་བའི་བླང་བྱ་ལྟར། 《མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད(2018-2025ལོ)》ཡི་ལག་བསྟར་གནས་ཚུལ་དང་ཟུང་འབྲེལ་སྒོས། ན་གཞོན་འཚར་ལོངས་འཕེལ་རྒྱས་དང་ན་གཞོན་ཁེ་དབང་འགན་སྲུང་སོགས་ཀྱི་ཏང་སྲིད་སེམས་ཁུར་དང་། སྤྱི་ཚོགས་དོ་སྣང་། ན་གཞོན་གྱི་སེམས་ཁུར་བྱེད་པའི་གནད་དོན་དེ་གླེང་གཞིར་བཟུང་ནས། ན་གཞོན་གྱི་རེ་ཞུ་མཚོན་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ན་གཞོན་གྱི་དཀའ་ཁག་ཐག་གཅོད་བྱས་ཏེ། ན་གཞོན་འཕེལ་རྒྱས་ཀྱི་དམིགས་འབེན་ལ་སྐུལ་འདེད་གཏོང་བར་བརྩོན་ལེན་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།