ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི(བརྙན་ལམ)གྲོས་ཚོགས་ལ་མགོ་འཛིན་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་སྡོམ་ལས་དོན་ལ་སླར་ཡང་བཀོད་འདོམས་དང་བཀོད་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་རྣམས་བདེ་འཇགས་དང་འཆམ་མཐུན་སྒོས་ལོ་གསར་དུས་ཆེན་ལ་རོལ་བར་ཁག་ཐེག་བྱས། 

གྲོས་ཚོགས་སྟེང་བསྟན་དོན། ཉེ་ཆར་རྒྱལ་ནང་གི་ས་ཆ་ཉུང་ཤས་ལ་རིམས་ནད་བྱུང་བ་དང་ཕྱོགས་འགར་གཅིག་འདུའི་རང་བཞིན་གྱི་རྐྱེན་གྱིས་རིམས་ནད་བྱུང་བ་དང་བསྟུན་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམས་ནད་འགོག་སྡོམ་བྱ་བར་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཤིང་། རིམས་ནད་འགོག་སྡོམ་གྱི“ཕྱོགས་བཞིའི”འགན་འཁྲི་ཇེ་ནན་དུ་གཏོང་བ་དང་རིམས་ནད་འགོག་སྡོམ་གྱི་ལས་དོན་ཁག་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བཟང་པོ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས་པར་བརྗོད། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མིག་སྔར་རང་རེའི་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་གྱི་དུས་བབ་སྤྱིའི་ཆ་ནས་བརྟན་འཇགས་ཡོད་མོད། འོན་ཀྱང་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་བྱ་བ་སྔར་བཞིན་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“དུས་ཚོད་དང་པོའི་བྱ་བའི་སྒྲིག་གཞི”ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁོངས་མཐུན་སྦྱོར་གྱིས་ཞིབ་བཤེར་ནན་མོ་བྱེད་པ་དང་། “དོན་མེད་སྒོས་ཕྱིར་མི་བསྐྱོད་པ”མཐའ་འཁྱོངས། ཕྱིར་སྐྱོད་མི་སྣར་ནན་གྱིས་ཚོད་འཛིན། “མི་དང་དངོས་པོ། ཁོར་ཡུག”ལ་མཉམ་དུ་སྔོན་འགོག གཙོ་གནད་ཁུལ་དང་མི་ཚོགས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཇེ་ཉུང་དུ་གཏོང་བ། དུས་ལྟར་དབྱེ་ཞིབ་དང་གཅིག་གྱུར་གྱིས་ཞིབ་འཇུག སྔོན་དཔག་ཉེན་ཟོན་ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་། འཕྲལ་བསྟུན་སྒོས་ཐག་གཅོད་བཟང་པོ་བྱེད་པ་བཅས་བྱས་ནས། ལོ་གསར་སྐབས་སུ་རིམས་ནད་འགོག་སྡོམ་དང་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་བྱ་བར་གཅིག་གྱུར་སྒོས་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།