ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ལ་ཉེན་བརྡ་བཏང་དོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཡོངས2022ལོའི་དགུན་ཁའི་གུང་གསེང་གི་དུས་སུ་སླེབས་ཡོད་པ་དང་།རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ཚོས་ལག་དངུལ་སྤྲད་ནས་དགུན་ཁའི་གུང་གསེང་གི་སློབ་ཕྱིའི་གསོ་སྦྱོང་ལ་ཞུགས་སྐབས་མགོ་སྐོར་ཐེབས་པ་དང་། སྔོན་དུ་སྤྲད་པའི་སློབ་ཕྱིའི་གསོ་སྦྱོང་ལག་དངུལ་འཕྲོ་བརླག་ཏུ་མི་གཏོང་བར་སྔོན་འགོག་བྱ་ཆེད། ཉེ་ལམ་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས《གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ》འགྲེམ་སྤེལ་བྱས་ཏེ། རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ཚོར་སློབ་ཕྱིའི་གསོ་སྦྱོང་ཐད་ཉེན་བརྡ3བཏང་། 

ཉེན་བརྡ་དང་པོ། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚང་མ་ཐོ་ཁོངས་ནས་སུབ་པའམ་ཡང་ན་རིགས་སྒྱུར་བྱས་ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྲིམས་མཐུན་ལུགས་མཐུན་ཡིན་པའི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་གཅིག་ཀྱང་མེད། གཞན་ཡང་མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་དྲ་སྟེང་གི་རིག་ཚན་རིགས་གསོ་སྦྱོང་སྒྲིག་གཞི་སྐོར་ཞིག་ལ་ཚད་ལྡན་ངང་བཅོས་སྒྲིག་བྱེད་བཞིན་པའི་སྒང་ཡིན་པ་དང་། དྲ་སྟེང་གི་རིག་ཚན་གསོ་སྦྱོང་སྒྲིག་གཞི་སྐོར་ཞིག་ཕྱོགས་སྒྱུར་བྱེད་པའམ་ཡང་ན་སྒོ་རྒྱག་བཞིན་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་ཀྱི་ཁྱབ་ཁོངས་སུ་མིག་སྔར་ཁྲིམས་མཐུན་ལུགས་མཐུན་ཡིན་པའི་སློབ་ཕྱིའི་རིག་ཚན་གྱི་གསོ་སྦྱོང་སྒྲིག་གཞི་གཅིག་ཀྱང་མེད་པས། རྒྱ་ཆེའི་སློབ་མའི་ཁྱིམ་བདག་གིས་བྱིས་པའི་སློབ་ཕྱིའི་རིག་ཚན་གྱི་གསོ་སྦྱོང་ནང“སྒྲིག་གཞི་ནག་པོ”འམ་ཡང་ན་མི་སྒེར་དྲ་སྟེང་དང་དྲ་ཕྱིའི་ནས་གསོ་སྦྱོང་ནང་ཞུགས་པར་མི་ལུས་བདེ་འཇགས་དང་། གསོ་སྦྱོང་གི་སྤུས་ཚད། གཏུམ་སྤྱོད་བརྙས་བཅོས། རིམས་ནད་སྔོན་འགོག་ཚོད་འཛིན། ལག་དངུལ་ལྐོག་ལེན་བྱེད་པ་སོགས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་མང་པོ་ཡོད་པས། སློབ་མ་དང་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་ཐུབ་ཀྱིན་མེད། དེ་བས་རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་ངེས་པར་དུ་དོགས་ཟོན་ཆེར་བསྐྱེད་ཀྱིས་རི་བོང་བཅར་འདྲོག་མི་བྱེད་པར། འགྲོ་གྲོན་སྔོན་ལ་མི་གཏོང་བ་དང་མགོ་སྐོར་འོག་ཏུ་མི་ཚུད་པ་བཅས་བྱ་དགོས།

ཉེན་བརྡ་གཉིས་པ། ཁྱིམ་བདག་ལ་བྱིས་པར་སྒྱུ་རྩལ་དང་ལུས་རྩལ། ཚན་རྩལ་སོགས་རིག་ཚན་མིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ནང་ཞུགས་རྒྱུའི་དགོས་མཁོ་ཡོད་ཚེ། ཚུལ་མཐུན་གྱི་སྒོ་ནས་སྤུས་ཚད་ལེགས་པ་དང་ཀུན་གྱི་ཡིད་ཆེས་བྱེད་ཆོག་པའི་རིག་ཚན་མིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་གདམ་གསེས་བྱས་ཏེ། 《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་གསོ་སྦྱོང་ཞབས་ཞུའི་གན་རྒྱའི(དཔེ་སྟོན་ཡིག་ཆ)》འཇོག་རྒྱུ་དང་། ཐེངས་གཅིག་རང་བཞིན་ལ་ལག་དངུལ་སྤྲད་པའི་དུས་ཚོད་བརྒལ་ནས་ཟླ་བ་གསུམ་ལས་མི་བརྒལ་བ་དང་། གསོ་སྦྱོང་གན་རྒྱ་དང་ལག་དངུལ་སྤྲད་པའི་འགྲོ་ལུགས་ཡི་གེ་ཉར་ཚགས་བྱ་དགོས།  གཞན་ཡང་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་ཕྱིའི་གསོ་སྦྱོང་གི་དངུལ་བསྡུའི་ལྟ་སྐུལ་དོ་དམ་སྟེགས་བུ་བརྒྱུད་ནས་དགུན་ཁའི་གུང་གསེང་གཏོང་བའི་ཡར་སྔོན་དུ་དྲ་སྟེང་ནས་སྤྱོད་འགོ་ཚུགས་པའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚང་མ་ལྟ་སྐུལ་དོ་དམ་སྟེགས་བུ་སྟེང་གཅིག་གྱུར་སྒོས་དོ་དམ་བྱེད་རྒྱུ་ཡིན་པ་དང་། ཁྱིམ་བདག་ཚོས་བྱིས་པར་སློབ་ཕྱིའི་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་འགོད་སྐབས་ངེས་པར་དུ་སྟེགས་བུ་འདི་བརྒྱུད་ནས་དངུལ་སྤྲོད་དགོས་པ་དང་། སྐད་འཕྲིན་དང་ཀྲི་ཧྥུ་པོ། ལག་དངུལ་བཅས་དང་བྱེད་ཐབས་གཞན་ལ་བརྟེན་ནས་ཐད་ཀར་སློབ་ཡོན་སྤྲད་པར་མ་དངུལ་གྱི་བདེ་འཇགས་འགན་ལེན་བྱེད་མི་ཐུབ་པ་དང་། དེའི་ཁྲོད་ཀྱི་ཉེན་ཁ་ཚང་མ་ཁྱིམ་བདག་གི་འགན་ཁུར་དགོས། 

ཉེན་བརྡ་གསུམ་པ། རྒྱ་ཆེའི་ཁྱིམ་བདག་ཚོས་ཤེས་རྟོགས་བྱུང་བའི་སློབ་ཕྱིའི་སློབ་ཚན་རིགས་ཀྱི་གསོ་སྦྱོང“སྒྲིག་གཞི་ནག་པོ”འམ་ཡང་ན་མི་སྒེར་ལ་ཐེར་འདོན་དང་ལྟ་སྐུལ་བྱ་རྒྱུ་རེ་བ་བཏོན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སློབ་ཕྱིའི་གསོ་སྦྱོང་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས་བརྡ་ཁྱབ་གཏོང་རྒྱུ་ཡིན་ལ། “འགྲོ་ལུགས་མེད་པའི་སྒྲིག་གཞི”རྩ་འཛུགས་བྱེད་མཁན་ནམ་ཡང་ན་“གཅིག་གཏད་གཅིག”སོགས་གསང་བའི་མི་མངོན་པའི་ཐབས་སྒྱུར་སྒྲིག་འགལ་གྱི་གསོ་སྦྱོང་དང་འབྲེལ་བ་ཡོད་པའི་མི་སྣར་ཞིང་ཆེན་སློབ་གསོ་ཐིང་དང་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་ལས་འགལ་བའི་མི་སྒེར་གྱི་ཡིད་རྟོན་བློ་འདྲི་དང་། ཁྲོམ་རའི་བྱེད་པོའི་ཐོ་འགོད་འཇུག་འཐུས། འཛད་སྤྱོད་ཀྱི་བྱ་སྤྱོད་ཚོད་འཛིན། འབྲེལ་ཡོད་བསྡུ་ལེན་ནམ་ཡང་ན་ཐོབ་ཐང་རྒྱུགས་ལེན( རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་དང་།ཞིང་ཆེན་གྱི་རྒྱུགས་སྤྲོད། དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་སོགས་ཚུད་མེད)སོགས་མིང་ཐོ་འགོད་པའི་ཆ་རྐྱེན་གྱི་ཚོད་འཛིན་ཐད་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པ་རེད། 

ལྟ་སྐུལ་ཐེར་འདོན་ཁ་པར།

ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ། 4393011

མཁར་ཤར་ཆུས་སློབ་གསོ་ཅུའུ། 8121550

མཁར་དབུས་ཆུས་སློབ་གསོ་ཅུའུ། 4919505

མཁར་ནུབ་ཆུས་སློབ་གསོ་ཅུའུ། 6109567

མཁར་བྱང་ཆུས་སློབ་གསོ་ཅུའུ། 5507520

ཧོང་ཀྲུང་ཆུས་སློབ་གསོ་ཅུའུ། 2236381

ཏ་ཐུང་རྫོང་སློབ་གསོ་ཅུའུ། 2730560

སྟོང་སྐོར་རྫོང་སློབ་གསོ་ཅུའུ། 2438309


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།