ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས2025ལོར་བསླེབ་དུས་རྫོང་རེར་རང་བྱུང་སློབ་གསོའི་སློབ་གྲྭ་རེ་འཛུགས་པར་བརྩོན་ལེན་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

LOCAL202201172215000249133411440.jpg

པར་འདི་ནི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2025ལོར་བསླེབ་དུས། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་རང་བྱུང་སློབ་གསོའི་རྟེན་གཞི་དྲ་རྒྱ་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། རྩ་དོན་སྟེང་རྫོང་རེས་སློབ་གྲྭ་གཅིག་ལ་བརྟེན་ནས་རང་བྱུང་སློབ་གསོའི་སློབ་གྲྭ་གཅིག་འཛུགས་སྐྲུན་བྱ་རྒྱུ། 2030ལོར་བསླེབ་དུས། སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད་བྱས་པ་བརྒྱུད། བལྟོས་བཅས་ཀྱི་འཐུས་ཚང་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་དང་། རང་བྱུང་སློབ་གསོ་དེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་རིག་གནས་ཟོང་རྟགས་གཙོ་གནད་དུ་སྐྱེད་སྲིང་བྱས་ཏེ། རང་བྱུང་སློབ་གསོའི་རྒྱུན་མཐུད་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མགོ་ཁྲིད་ཚན་ཆུང་གི་མགོ་ཁྲིད་འོག མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ལག་རྩལ་ཚད་གཞིའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག 《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་རང་བྱུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུང་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(གཤམ་དུ《མཛུབ་སྟོན་བསམ་འཆར》ཞེས་བསྡུ་རྒྱུ)དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྩ་གནད》(གཤམ་དུ《སློབ་གསོའི་བྱ་བའི་རྩ་གནད》ཅེས་བསྡུ་རྒྱུ)བཟོ་འགོད་བྱས་ཏེ་ལེགས་འགྲུབ་བྱུང་བ་མ་ཟད། 2021ལོའི་ཟླ11པའི་ཚེས29ཉིན་དངོས་སུ་དཔར་འགྲེམ་བྱས་ཡོད་ཟེར།

མཛུབ་སྟོན་བསམ་འཆར》དེས་ནགས་རྩ་དང་སློབ་གསོ། ཁོར་སྲུང་། ཞིང་ལས། ཚན་རྩལ། རིག་གནས་ཡུལ་སྐོར། གུང་གཞོན་ཚོགས་པ་སོགས་སྡེ་ཁག་མང་པོ་མཐུན་སྦྱོར་ངང་ཞུགས་པའི་མཉམ་འགུལ་ལམ་ལུགས་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་གནའ་ཤིང་གྲངས་ཅན་དང་རི་སྐྱེས་སྲོག་ཆགས བརླན་སའི་ཁོར་ཡུག ས་གཤིས་རྗེས་ཤུལ་སོགས་རང་བྱུང་ཐོན་ཁུངས་དམིགས་འབེན་དུ་བཟུང་ནས། སློབ་མ་དང་ཁྱིམ་བདག སྤྱི་ཚོགས་མང་ཚོགས་སློབ་གསོ་མྱོང་མཁན་དུ་བརྩིས་ཏེ། མ་ལག་ཅན་དང་ཆེད་ལས་ཅན། སྤྱི་དམངས་ཅན། སྣེ་མང་ཅན་བཅས་ཀྱི་རང་བྱུང་སློབ་གསོའི་བྱ་འགུལ་ཧུར་ཐག་སྒོས་སྤེལ་རྒྱུ་རེད།

《སློབ་གསོའི་བྱ་བའི་རྩ་གནད》ལས་རྩ་བའི་བསམ་ཕྱོགས་དང་གཞི་རྩའི་རྩ་དོན། གཙོ་གནད་བྱ་བ། འགན་སྲུང་འཆར་གཞི་སོགས་ཀྱི་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་འཕེལ་རྒྱས་ལ་བླང་བྱ་ཚད་ལྡན་བཏོན་ཡོད་ཅིང་། རང་བྱུང་སློབ་གསོའི་འཇོན་མི་སྐྱེད་སྲིང་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན། སློབ་ཚན་བཀོད་སྒྲིག སློབ་གསོའི་རྟེན་གཞི་གསར་འཛུགས་སྐྲུན་སོགས་ཕྱོགས11ནས་ཉེ་ཆར་དང་ཡུན་རིང་གི་བྱ་བའི་འཆར་གཞི་ཞིབ་ཕྲ་གཏན་འབེབས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་འཕེལ་རྒྱས་ཚད་ལྡན་ལ་གོ་རིམ་ལྡན་པར་སྐུལ་འདེད་དང་། དེ་ནས་རིམ་བཞིན་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་། རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས་ལྡན་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཟབ་མོ་བྱས་ཡོད་པའི་རང་བྱུང་སློབ་གསོའི་མ་ལག་བཙུགས་ནས། རྒྱལ་ཁབ་སྤྱི་གླིང་ཟོང་རྟགས་གི་རང་བྱུང་སློབ་གསོའི་བྱ་འགུལ་གྱི་དཔེ་དབྱིབས་བསྐྲུན་ཏེ། རྒྱལ་ཡོངས་ལ་རང་བྱུང་སློབ་གསོའི་བྱ་བའི་ཉམས་མྱོང་འདོན་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།