ཀྲུང་གོ་བོད་ཀྱི་དྲ་བ།

དམར་ཆུའི་གོ་ལ་ཧྲིལ་པོའི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་མཁའ་དབྱིངས་བརྟག་དཔྱད་ས་ཚིགས་ཀྱིས་བར་སྣང་བརྟག་དཔྱད་ལས་དོན་ཆིང་སྐྱེད་རང་འགུལ་ཅན་མངོན་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ1པོའི་ཚེས11ཉིན་ཞིང་ཆེན་གནམ་གཤིས་ཅུའུ་ནས་རྒྱུན་ལོན་པ་ལྟར་ན། མཚོ་སྔོན་གྱི་དམར་ཆུའི་གནས་གཤིས་མཁའ་དབྱིངས་བརྟག་དཔྱད་ས་ཚིགསQDQ2-1(A)རྣམ་པའི་ཆུ་གློག་འབྱེད་ཆིང་སྐྱེད་སྒྲིག་ཆས་ལ་ལས་དོན་བརྟག་དཔྱད་བརྒྱུད། སྒྲིག་ཆས་འདི་ནི་རང་ཞིང་གི་གོ་རིམ་ཡོངས་རང་འགུལ་ཅན་གྱི་ཆུ་གློག་འབྱེད་ཆིང་སྐྱེད་ཀྱི་ཉིང་སྐྱེད་འཕྲུལ་ཆས་སྒྲིག་ཆས་ཐོག་མ་ཡིན་ཞིང་། ཕན་ནུས་ལྡན་པའི་སྒོ་ནས་མཁན་དབྱིངས་བརྟག་དཔྱད་ལས་དོན་མི་སྣས་ཆིང་སྐྱེད་ལས་དོན་ཁྲོད་ཀྱི་དཀའ་ཁག་གང་མང་ཐག་གཅོད་བྱས་པ་དང་། ལས་དོན་མི་སྣའི་ངལ་རྩོལ་བྱེད་ཤུགས་ཇེ་ཉུང་ལ་བཏང་བ། ཕན་ནུས་ལྡན་པའི་སྒོ་ནས་ཆིང་སྐྱེད་བྱ་བའི་ལས་ཕྱོད་ལེགས་བཅོས་བྱས་པ། ཆིང་སྐྱེད་དང་ཆིང་སྤྱོད་བདེ་འཇགས་མངོན་གསལ་གྱིས་མཐོར་བཏེགས་པ། མཁའ་དབྱིངས་བརྟག་དཔྱད་ལས་དོན་གྱི་བརྟག་དཔྱད་བྱ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཡང་དག་པའི་བརྟག་དཔྱད་གཞི་གྲངས་ལེན་པ་བཅས་ལ་སྤུས་ལེགས་ཀྱི་གནམ་གཤིས་ཞབས་ཞུ་འདོན་སྤྲོད་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞིའི་འགན་སྲུང་མཁོ་འདོན་བྱས། 

དམར་ཆུའི་གནམ་གཤིས་ས་ཚིགས་ནི་ས་མཐོར་གནས་པ་དང་། ས་ཁམས་ཀྱི་གནས་ཡུལ་དམིགས་བསལ་ཡིན་པས། འཛམ་གླིང་སྟེང་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི“མཁའ་དབྱིངས་བརྟག་དཔྱད་ས་ཚིགས”ཡིན། རྒྱུ་ཆ་བླངས་པ་དེས་མཚོ་བོད་མཐོ་སྒང་ཡོངས་ཀྱི་གནམ་གཤིས་ཁོར་ཡུག་མ་ཟད་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་ཡང་རིན་ཐང་ཆེས་ཆེར་ལྡན་ཞིང་། སྐྱེ་ཁམས་ཀྱི་ཚད་གཞི་ས་ཚིགས་ཤིག་ཏུ་གྱུར་ཡོད། འདིའི་སྔོན་ལ་ཉིན་རྒྱུན་ཆིང་སྐྱེད་བྱ་བར་རྒྱུན་པར་རླངས་པ་སྲ་འགྱུར་གྱིས་དབང་གིས་སྦུབས་ལམ་འགག་པ་དང་། སྙིགས་བཙགས་ཆུ་སྣོད་དུ་དར་ཆགས་པ་སོགས་ཀྱི་གནད་དོན་འབྱུང་བ་དང་། ལས་དོན་མི་སྣས་ཚད་ཡོད་པའི་དུས་ཚོད་ནང་། སྦུབས་ལམ་སྟེང་ཆུ་ཁོལ་བླུགས་པའི་ཐབས་ལམ་ལ་བརྟེན་ནས་གནས་སྐབས་སུ་གནད་དོན་ཐག་གཅོད་བྱེད་པ་ཡིན། དུས་མཚུངས་སུ་ཆིང་སྐྱེད་འཕྲུལ་ཆས་རྙིང་པ་ལ་ད་དུང་མི་ཤུགས་ཀྱིས་སྒོ་འབྱེད་པ་དང་གནོན་ཤུགས་སྣོན་པ། དབྱེ་ཞིབ། ཆིང་གསོག ཆུ་གསབ་པ། ཆུའི་འཁོར་རྒྱུག་འབྱེད་པ་སོགས་རབ་དང་རིམ་པའི་བཀོལ་སྤྱོད་གོ་རིམ་རྙོག་འཛིང་བརྒྱུད་དགོས་ཤིང་། དུས་ཚོད་དང་སྟོབས་ཤུགས་མང་པོ་འདོན་དགོས་པར་མ་ཟད་བདེ་འཇགས་ཀྱི་སྒྲིག་ཆས་ཅུང་ཉུང་ལ། བདེ་འཇགས་རང་བཞིན་དམའ་བའི་གནད་དོན་ཡོད། 

ཐེངས་འདིའི་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱུང་བའི་ཁ་ཚང་རང་འགུལ་ཡིན་པའི་ཆུ་གློག་འབྱེད་ཆིང་སྐྱེད་སྒྲིག་ཆས་ནི། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ལྟ་ཞིབ་དང་དྲ་རྒྱ་ཁྲུའུ་དང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ལག་རྩལ་འགན་སྲུང་ལྟེ་གནས་སོགས་སྡེ་ཁག་གི་ཆེད་མཁས་ཚན་ཆུང་གིས་ཞིབ་བཤེར་རྩིས་ལེན་དཔྱད་དཔོག་བརྒྱུད་པ་ཡིན། སྒྲིག་ཆས་འདི་ལས་རེས་ཁང་དུ་རྒྱང་འཛིན་བཀོལ་སྤྱོད་བྱས་ཆོག རང་འགུལ་ཚོད་འཛིན་གྱི་རྣམ་པས་མཐེབ་གནོན་གཅིག་གིས་ཆིང་སྐྱེད་དང་། དབུགས་གཟུགས་ཀྱི་གཙང་ཚད་དབྱེ་ཞིབ། སྣོད་གསོག་ཆིང་གསོག་སོགས་ཀྱི་བྱ་བ་ལེགས་སྒྲུབ་བྱས་ཆོག སྒྲིག་ཆས་ལ་ད་དུང་ཆིང་དབུགས་ཀྱི་གཙང་ཚད་དང་གཤེར་གཟུགས་ཀྱི་སྟེང་ཚད། གཤེར་གཟུགས་ཀྱི་འོག་ཚད། ཆིང་དབུགས་ཟགས་པ་སོགས་ལ་དུས་ཀུན་ཏུ་ལྟ་ཞིབ་ཉེན་བརྡའི་མ་ལག་ཀྱང་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།