ཀྲུང་གོ་བོད་ཀྱི་དྲ་བ།

དོན་བསོད་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ལས་སྒྲུབ་ཁང་གི་གྲུབ་འབྲས་མཉམ་རོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྟ་མགྲིན་མཚོ།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG1548.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚན་ཆུང་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་དོན་བསོད་གློག་བརྙན་འཕྲིན་སྨྱན་སྦྱོར་ལས་སྒྲུབ་ཁང་གི་གྲུབ་འབྲས་མཉམ་རོལ་ཚོགས་འདུ་མཚོ་ནུབ་ཁུལ་དཔེ་མཛོད་ཁང་དུ་བསྡུས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་མཉམ་རོལ་ཚོགས་འདུར་ཞུགས་པ་མ་ཟད། ལས་དོན་ཁང་གི་ཁོངས་མིར་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོན་པོའི་སྒོ་ནས་མི་དམངས་ལ་ལེགས་སྐྱེས་འབུལ་བ། ཀུན་སྤྱོད་ལ་བརྟེན་ནས་དར་སྲོལ་གྱི་སྣེ་ཁྲིད་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་། 

WechatIMG1546.jpeg

དོན་བསོད་གློག་བརྙན་འཕྲིན་སྨྱན་སྦྱོར་ལས་སྒྲུབ་ཁང་དེ་ནི2017ལོར་རང་ཁུལ་གྱི་ཆེད་མཁས་མི་སྣའི་ལས་སྒྲུབ་ཁང་ཐོག་མའི་ནང་བདམས་ཐོན་བྱུང་བའི་ཚུན་ལ།མཚོ་ནུབ་ཀྱི་རིག་གནས་དང་གློག་བརྙན་འཕྲིན་བརྩམས་ཆོས་ཇུས་འགོད་སོགས་ཀྱི་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་བླངས་ཡོད།  སྔ་རྗེས་སུ་དངོས་བྲིས་གློག་བརྙན༼གནས་སྤོར་ཁྱིམ་ཚང་ཞིག་གི་གཏམ་རྒྱུད༽ཅེས་པ་དང་། དམངས་སྲོལ་རིག་གནས་ཀྱི་དངོས་བྲིས་གློག་བརྙན༼ང་ཡི་རྟ་ཕོ༽། སྐྱེ་ཁམས་སྲུང་སྐྱོང་གི་གླུ་གཞས༼འབྲི་ཆུའི་འགོ་ཁོངས་ལ་བརྩེ་སེམས་བཅངས༽ཞེས་པ་སོགས་ཕབ་སྐྲུན་བྱས། དེའི་ནང་ལེའུ་དྲུག་ཅན་གྱི་བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར༼ནར་སོན་གྱི་ལོ་ཟླ༽ལ་རང་རྒྱལ་གྱི་བོད་སྐད་བརྙན་འཕྲིན་འཁྲབ་ཚན་འགྲེམས་སྤེལ་གྱི་ཆོག་མཆན་ཐོག་མ་ཐོབ་པ་དང་། གློག་བརྙན༼མཐའ་མཇུག་གི་སྦྲ་ནག༽ལ་མི་རིགས་གློག་བརྙན་དུས་ཆེན་སྐབས་བཅོ་ལྔ་པའི་སྟེང་བརྙན་བསྐྲུན་པ་བཟང་ཤོས་ཀྱི་མཚན་སྙན་ཐོབ། དེ་དང་ཆབས་ཅིག་ལས་སྒྲུབ་ཁང་གི་སྣེ་ཁྲིད་མི་སྣ་དོན་འགྲུབ་ཚེ་རིང“མི་བརྒྱའི་འཆར་གཞི”དང“ སྟོང་མིའི་འཆར་གཞིའི”ནང་བདམས་པ་དང་། རླུང་བརྙན་འཕྲིན་གྱི་ལས་སྟེགས་ལ་བརྟེན་ནས་སྣེ་ཁྲིད་ཤེས་ལྡན་མི་སྣའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྱུར་བཟོ་དང་ལས་སྒོའི་གྲུབ་འབྲས་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་། སྔ་རྗེས་སུ་བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་ཆེད་བསྒྲིགས་བརྩམས་ཆོས10ལྷག་ཙམ་ཡིག་སྒྱུར་བྱས་པ་དང་། རིག་གཞུང་དཔྱད་རྩོམ6འགྲེམས་སྤེལ་བྱས། རླུང་བརྙན་འཕྲིན་བརྩམས་ཆོས16དཔེ་སྐྲུན་འགྲེམས་སྤེལ་བཅས་བྱས་པར་རྒྱལ་ཁབ་དང་ཞིང་ཆེན་པུའུ་རིམ་པའི་བྱ་དགའ12ཐོབ།

WechatIMG1547.jpeg

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།