ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྒྱ་གྲམ་དམར་པོའི་དང་བླངས་པ8ལ“རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་པའི་ཞབས་ཞུ་སྔོན་ཐོན་དཔེ་སྟོན”གྱི་མཚན་སྙན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་རྒྱ་གྲམ་དམར་པོའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་པའི་ཞབས་ཞུའི་སྔོན་ཐོན་དཔེ་སྟོན་མིང་ཐོ་ཁྱབ་བསྒྲགས་བྱས་པར། རང་རེའི་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་དང་བླངས་པར་གཟི་བརྗིད་མཚན་སྙན་ཐོབ། དེ་དག་སོ་སོ་སོ་ནི་ཁྲག་སྣོན་ཕྲ་ཕུང་ཞལ་འདེབས་དང་བླངས་པ་རྡོ་རྗེ་དོན་གྲུབ་དང་ཝང་ཀྲིན། ལིན་ཅང་པའོ། ཡུས་ཧོས། མཚོ་སྔོན་མི་རིགས་སློབ་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ལི་ཝུན་ཕིན། མཚོ་སྔོན་སློབ་ཆེན་ནད་ཐོག་སྨན་བཅོས་སློབ་གླིང་གི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཞའེ་ཀྲན་ཞའོ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨྱན་སྦྱོར་དང་བླངས་པ་ཀྲའོ་ཅིན་དང་ཅཱ་ཞའོ་ཡོན་བཅས་རེད། 

ཉེ་བའི་ལོ་འགའི་རིང་ནས་བཟུང་། མཚོ་སྔོན་རྒྱམ་གྲམ་དམར་པོས་ཁྱབ་རྒྱ་ཆེ་བའི་སྒོ་ནས་རྒྱ་ཆེའི་རྒྱ་གྲམ་དམར་པོའི་དང་བླངས་པ་རྒྱ་གྲམ་དམར་པོའི་བྱ་གཞག་ཁྲོད་ཞུགས་པར་སྐུལ་སློང་དང་། རྒྱ་གྲམ་དམར་པོའི་བྱ་བའི་ཁྲོད་དང་བླངས་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལེགས་པའི་རྣམ་པ་མངོན་པར་བྱས་ཤིང་། འཕྲལ་བསྟུན་རོགས་སྐྱོབ་དང་འཕྲལ་བསྟུན་སྲོག་སྐྱོབ། མི་ཆོས་སྲོག་སྐྱོབ། སྡེ་ཁུལ་ཞབས་ཞུ། མི་ཆོས་སྒྲོག་སྤེལ། དབུལ་ཐར་འགག་སྒྲོལ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ས་ཁུལ་དུ་འབུར་དུ་ཐོན་པའི་ལས་དོན་བསྒྲུབས་པས། མང་ཚོགས་ཀྱིས་ཁས་ལེན་ཐོབ་ནས། ཁྱབ་རྒྱ་ཆེ་བའི་སྒོ་ནས་སྔོན་ཐོན་དཔེ་སྟོན་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྒྱ་ཁྱབ་ཏུ་ཁས་ལེན་དང་བསྔགས་བརྗོད་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།