ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་སྡེ་ཁག་གིས་གཙོ་གནད་ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བ་བཅུ་དམིགས་སུ་བཟུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན། གསར་འགོད་པས་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”སྐབས་སུ། རང་ཞིང་གི་རིམ་པ་སོ་སོའི་ནགས་ལས་རྩྭ་ཐང་སྡེ་ཁག་གིས་གཙོ་གནད་ཁྱབ་ཁོངས་བཅུ་ཡི་གཙོ་གནད་བྱ་བ་སྣ10ལེགས་པོར་བསྒྲུབ་རྒྱུ་རེད།

གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་མཚམས)འཛུགས་སྐྲུན་རྨང་གཞི་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རང་བྱུང་སྲུང་སྐྱོང་ས་གཤིས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཁྱོན་ཡོངས་ནས་མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་འཛུགས་སྐུལ་འདེད་བཏང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གཅིག་སྒྲིལ་ལེགས་འགྲུབ་བྱས་ཤིང་། ལུགས་མཐུན་བཀོད་སྒྲིག་དང་། ནུས་ལྡན་སྲུང་སྐྱོང་། དོ་དམ་ཕན་འབྲས་ལྡན་པའི་རང་བྱུང་སྲུང་སྐྱོང་དོ་དམ་མ་ལག་སྒྲིག་འཛུགས་བྱས། ཁྱོན་ཡོངས་ནས་ནགས་ལས་རྩྭ་ཐང་རྒྱལ་ཁབ་སྤྱི་གླིང་གི“གནས་གསུམ་གཞི་གཅིག”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། ནགས་ལས་རྩྭ་ཐང་རྒྱལ་ཁབ་སྤྱི་གླིང་བཀོད་སྒྲིག་མཉམ་འདྲེས། དམིགས་འབེན་མཉམ་འདྲེས། ལས་འགན་མཉམ་འདྲེེས། བཟོ་སྐྲུན་མཉམ་འདྲེས། སྲིད་ཇུས་མཉམ་འདྲེས། ནགས་ལས་དང་རྩྭ་འདེབས། རང་བྱུང་སྲུང་སྐྱོང་ས་གནས་འཛུགས་སྐྲུན་གཅིག་དྲིལ་ཅན་འཆར་འགོད་དང་གཅིག་དྲིལ་ཅན་ལ་སྐུལ་འདེད་བཏང་། 

རང་བྱུང་སྐྱེ་ཁམས་བདེ་འཇགས་མཐའ་མཚམས་བརྟན་སྲུང་དང་། “སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཇེ་བཟང་དུ་འགྲོ་བ་ལས་ཇེ་སྡུག་ཏུ་འགྱུར་མི་རུང”བའི་མཐའ་གནས་བརྟན་སྲུང་བྱས་ཏེ། སྐྱེ་ཁམས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣོན་དང་། སྤུས་ཚད་མཐོ་བའི་འཚོ་བའི་གཞོགས་འདེགས། དེ་མིན་རབ་མཛེས་མཚོ་སྔོན་གྱི་ཤུགས་འདོན་སར་འགྱུར་བར་བྱས་ནས། གཙང་ཆུ་སྔོན་མོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་དགོས། 

རིགས་སོ་སོའི་ལྗང་མདོག་བར་སྟོང་བཀོད་སྒྲིག་དང་ཚན་རིག་སྒོས་མཁར་ཤང་ལྗང་བསྒྱུར་མཛེས་སྡུག་ཅན་དུ་བཏང་ནས། རྒྱལ་ཁོངས་ལྗང་བསྒྱུར་དེ་གྲངས་ཀ་འཕར་བསྣོན་ནས་གྲངས་ཀ་འཕར་བ་དང་སྤུས་ཚད་མཐོར་འདེགས་སུ་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་དང་། མིས་བཟོའི་ལྗང་སྣོན་དེ་རང་བྱུང་ལྗང་སྣོན་གཙོར་བྱེད་པའི་ཕྱོགས་སུ་བསྒྱུར་ནས། མི་དམངས་ཀྱི་ཆེད་དུ་སྡོང་བོ་འཛུགས་པ་དང་། མང་ཚོགས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་བཏང་།

རི་ཆུ་ནགས་མཚེའུ་དང་རྩྭ་ས་བྱེ་ཐང་གི་ཚེ་སྲོག་ཐུན་མོང་འདུ་ཤེས་རྒྱུན་འཁྱོངས་དང་། རང་བྱུང་སྐྱེ་ཁམས་མ་ལག་གཏན་སྲོལ་བརྩི་སྲུང་བྱས་ཏེ། རང་བྱུང་སླར་གསོ་དང་ཚན་རིག་སླར་གསོ་གཅིག་གྱུར་སྒོས།ནགས་ཚལ་དང་རྩྭ་ཐང་། བརླན་སའི་ཁམས་གསོ་འཚོ་སྡོད་དང་སྲུང་སྐྱོང་སླར་གསོར་ཤུགས་བསྣན་ནས། རང་བྱུང་སྐྱེ་ཁམས་མ་ལག་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་སུ་བཏང་། 

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་བྱས་ཏེ། ཁྱོན་ཡོངས་ནས་ས་མཐོའི་སྐྱེ་ཁམས་མ་ལག་དང་སའི་གོ་ལའི་རིམ་པ་གསུམ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ། སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་སྒོས། སྐྱེ་ཁམས་དཔལ་ཡོན་སྐྱེ་དངོས་སྣ་མང་རང་བཞིན་གསར་སྐྲུན་བྱས། 

ནང་མཁོའི་འཐབ་ཇུས་ཁོང་དུ་ཆུད་པར་བྱས་ཏེ། དགེ་མཚན་ཁྱད་ལྡན་ཐོན་ལས་ལ་ཆེས་ཆེར་དམིགས་ནས། གསར་དར་ཐོན་ལས་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པ་དང་། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཁོ་འདོན་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། ནགས་ལས་རྩྭ་ཐང་ཐོན་ལས་ཀྱི་དམངས་ཕྱུག་དམངས་ཕན་ཕན་ནུས་མཐོར་འདེགས་སུ་བཏང་། 

སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་སྒྲིག་སྲོལ་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་མ་ལག་ཐཱན་འདུས་ནུས་ཤུགས་མཐོར་འདེགས་བཏང་སྟེ། ནགས་རྩྭའི་ཐཱན་འདུས་རྩིས་ལེན་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་བསྣན་ནས། ནགས་རྩྭའི་ཐཱན་འདུས་ཚོང་རའི་སྐྱེ་ཁམས་ཁ་གསབ་སྒྲིག་གཞི་དང་རྒྱུ་མང་ཅན་གྱི་ཉོ་ཚོང་རྣམ་པ་འཚོལ་ཞིབ་བྱས།

ནགས་ལས་རྩྭ་ཐང་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་དང་། རྩྭ་ཐང་སྒྲིག་སྲོལ་བཅོས་བསྒྱུར་སྐུལ་འདེད་དང་འཚོལ་ཞིབ་བྱས་ཏེ། ནགས་དབང་སྒྲིག་སྲོལ་བཅོས་བསྒྱུར་གཅིག་བསྡུས་དང་། ནགས་རྩྭའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་བཅོས་བསྒྱུར་བྱས་ཏེ། རྒྱལ་གཉེར་ནགས་རའི་བཅོས་བསྒྱུར་གྲུབ་འབྲས་སྲ་བརྟན་དུ་བཏང་། 

བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དང་འཕེལ་རྒྱས་རྣམ་པ་བསྒྱུར་བཅོས་བྱས་ཏེ། དངུལ་གཏོང་མ་ལག་གསར་གཏོད་བྱས་ཤིང་། ཁྱོན་ཡོངས་ནས་ནགས་དཔོན་ལམ་ལུགས་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་འགན་སྲུང་སྒྲིག་སྲོལ་སྒྲིག་འཛུགས་འཐུས་ཚང་དང་། ཐོན་ཁུངས་སྲུང་སྐྱོང་སྒྲིག་སྲོལ་དང་། ནགས་ལས་རྩྭ་ཐང་འཕེལ་རྒྱས་སྒྲིག་སྲོལ། ནགས་ལས་རྩྭ་ཐང་འཕེལ་རྒྱས་དངུལ་གཏོང་སྲིད་ཇུས་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ནགས་རྩྭའི་ལས་དོན་དེང་རབས་ཅན་གྱི་སྒྲིག་སྲོལ་མ་ལག་འཐུས་ཚང་དུ་བཏང་སྟེ། ནགས་རྩྭའི་འཕེལ་རྒྱས་གསར་གཏོད་ནུས་ཤུགས་མཐོར་འདེགས་སུ་བཏང་། 

ནགས་རྩྭའི་གཞོགས་འདེགས་འགན་སྲུང་མ་ལག་འཐུས་ཚང་འཛུགས་སྐྲུན་དང་། འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་བཏང་ནས། ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་གྲུབ་འབྲས་ལ་ཕན་ནུས་ལྡན་པའི་སྲུང་སྐྱོང་བྱེད་པ་དང་། ཁྱོན་ཡོངས་ནས་ནགས་ལས་རྩྭ་ཐང་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།