ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་རིམ་པ་གསུམ་མཉམ་འབྲེལ་སྒོས་ལོ་སར་དང“ཚོགས་ཆེན་གཉིས”སྐབས་ཀྱི་སྨན་རྫས་ཡོ་ཆས་བདེ་འཇགས་ལ་འགན་སྲུང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་དང་“ཚོགས་ཆེན་གཉིས”སྐབས་ཀྱི་སྨན་རྫས་ཡོ་ཆས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཚོང་རའི་ཚོང་གཉེར་སྒྲིག་ལམ་སྲུང་སྐྱོང་། དེ་མིན་ཉེན་ཁར་རྩད་ཞིབ་བྱས་ཏེ།སྨན་རྫས་བདེ་འཇགས་དོན་རྐྱེན་འབྱུང་བར་འགོག་སྲུང་ནན་མོ་བྱ་ཆེད། ཟླ་དང་པོའི་ཚེས12ཉིན། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་དང་ཆུས་ཚོང་རའི་ལྟ་སྐུལ་ཅུའུ་ཡི་རིམ་པ་གསུམ་མཉམ་འབྲེལ་སྒོས་ཟི་ལིང་གྲོང་ཁྱེར་གྱི་སྨན་རྫས་ཕྱིར་འཚོང་ཁང་གི་རིམས་ནད་འགོག་སྡོམ་དང་སྨན་རྫས་ཡོ་ཆས་བདེ་འཇགས་བྱ་བར་ཆེད་སྤྱོད་ཞིབ་བཤེར་བྱས། 

ཞིབ་བཤེར་ཚན་ཆུང་གིས་སྔ་གཞུག་ཏུ་མཚོ་སྔོན་ཅིའུ་ཁང་སྨན་རྫས་ཚད་ཡོད་ཀུང་སིའི་ཅིའུ་ཁང་ལྟེ་གནས་སྨན་རྫས་ཚོང་ཁང་དང་། མཚོ་སྔོན་རྒྱལ་སྨན་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་རྣམ་རྒྱལ་ལམ་ཚོང་ཁང་། མཚོ་སྔོན་ཕུའུ་ཁྲོན་སྨན་རྫས་ཚད་ཡོད་ཀུང་སི་བུན་ཧོས་ལམ་སྨན་ཁང་ཆེན་མོ་སོགས་སྨན་རྫས་ཚོང་ཁང13རུ་ཞིབ་བཤེར་བྱས། ཞིབ་བཤེར་སྨན་ཁང་གཙོ་བོས་ཞིབ་བཤེར་གསུམ་གྱི“དྲོད་གྲངས་འཇལ་བ་དང་ཨང་བཤེར་ཞིབ་བཤེར། ཁ་ཐུམ་རྒྱག་པ”སྨན་ཁང་གི་རིམས་ནད་འགོག་སྡོམ་གྱི“གོ་རིམ་པར་རིས”སྦྱར་ཡོད་མིན་ལ་ཞིབ་བཤེར་བྱས་པ་དང་། “རིགས་བཞིའི”སྨན་རྫས་ཕྱིར་འཚོང་ཐོ་འགོད་སྒྲིག་སྲོལ་དོན་འཁྱོལ་བྱས་མིན་ལ་ཞིབ་བཤེར་བྱས། དུས་མཚུངས་སུ། སྨན་ཁང་ནང་གི་སྨན་རྫས་ཚོང་གཉེར་སྤུས་ཚད་དོ་དམ་གནས་ཚུལ་ཚད་ལྡན་རང་བཞིན་ལ་ཞིབ་བཤེར་བྱས་པ་དང་། གནས་པའི་གནད་དོན་ལ་ཡུལ་དངོས་ནས་བཅོས་སྐྱོང་བྱས། 

རྗེས་མར། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མུ་མཐུད་དུ་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས། ཞིབ་བཤེར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཞིབ་བཤེར་བྱེད་ཐེངས།ཞིབ་བཤེེར་ཁེབས་ཚད་མཐོར་འདེགས་སུ་བཏང་ནས། ཉེན་ཁ་ཞི་འཇགས་བྱས། ཤོར་ལྷག་མེད་པ་དང་། གྲུ་ཟུར་ཡོངས་སུ་ཞིབ་བཤེར་བྱས་ཏེ། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་ཁུར་དུ་འཇུག་པ། ཁྲིམས་ལྟར་ཡིད་རྟོན་ཚོང་གཉེར་བྱས་ནས། སྨན་རྫས་ཡོ་ཆས་ཁེ་ལས་སྒྲིག་སྲོལ་ཅན་དང་ཚད་ལྡན་ཅན། ཚད་གཞི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་ཡོ་ཆས་བདེ་འཇགས་ནུས་ལྡན་ཡིན་པར་ཁག་ཐེག་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།