ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས14ཉིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས(རྒྱ་སྐྱེད)གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་པ་དང་། གྲོས་ཚོགས་སྟེང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཞིང་བཟོ་ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བཅས་སློབ་སྦྱོང་བྱས་ནས་སྔོན་ཐོན་ལ་གཟེངས་བསྟོད་བྱས།

གྲོས་ཚོགས་སྟེང་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཀྱི་འཛུགས་སྐྲུན་གྱི་ཨང་དང་པོར་བཞག་ནས། “ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་ཞིང་བཟོ་ཏང་གི་ལོ་རྒྱུས་ལ་མཐོང་ཆེན་བྱེད་པའི”སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བར་དམིགས་ནས། རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ། རྒྱ་ཁྱབ་སྒོས་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དང་། རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་གཙོ་གནས་ལས་དོན་དང་བསྡུར་ནས། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། སྲིད་སྐྱོང་ཏང་དགེ་རྒན་དུ་བསྟེན་པ། རང་སྟེང་གི་འཛུགས་སྐྲུན་མཚམས་མི་ཆད་པར་སྐུལ་འདེད་བཏང་ནས། ལས་དོན་སོ་སོ་བརྟན་འཇགས་སྒོས་འཕེལ་རྒྱས་གཏོང་དགོས་པར་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། 2022ལོར་སླེབས་སྐབས། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་དགོས་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོས་ཞིང་བཟོ་རྩ་འཛུགས་དང་རྒྱ་ཆེའི་ཞིང་བཟོའི་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། བསམ་བློ་དང་ཆབ་སྲིད་འཛུགས་སྤེལ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་ཐོག་མའི་ཕུགས་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། སྲིད་ཞུགས་ཏང་གི་འགན་ནུས་སྒྲུབ་པའི་བྱ་བ་སྒྲུབ་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དམིགས་པ། བློ་ཐབས་ལ་བརྟེན་ནས་ཇུས་བཟང་འདོན་པ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་གྲ་སྒྲིག་རྩ་འཛུགས་བྱ་བ་ཏན་ཏིག་དང་ཕན་ནུས་ལྡན་པའི་ངང་ལེགས་པར་བསྒྲུབ་པ། སྲིད་ཞུགས་ཏང་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།