ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་བརྩམས་ཆོས་ལེགས་ཤོས་བདམས་ཐོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས་སྟེང་ཤེས་གསལ་ལྟར་ན། 2021ལོར། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་བརྩམས་ཆོས་བྱ་བས་དར་ཆ་མཐོན་པོར་བསྒྲེང་ནས། དམངས་སེམས་གཅིག་སྒྲིལ། མི་གསར་བ་གསོ་སྐྱོང་། རིག་གནས་དར་རྒྱས། སྣང་བརྙན་མངོན་པའི་ལས་འགན་ཕྲག་ཏུ་བླངས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བ”དང་དམ་དུ་འབྲེལ་ཏེ། མགོ་གསར་བ་བརྩམས་ནས་ཤུགས་ཆེན་པོས“དུས་རབས་གསར་བའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བཟོ་སྐྲུན”ལག་བསྟར་སྒོས། གློག་བརྙན་འཕྲིན་བརྩམས་ཆོས་སྤུས་ཚད་དུས་རིམ་གསར་བ་ཞིག་ཏུ་བསྐྱོད།

2021ལོར། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས《ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བྱེད་ཐབས》དཔར་འགྲེམ་བྱས། 《མཚོ་སྔོན་གསར་བརྗེའི་རྟགས་ཚད》ཀྱི་བརྙན་ཐུང་བརྙན་ཕབ་སྒྲིག་སྦྱོར་བྱས་པ་དང་། “ལོ་བརྒྱའི་རླབས་རྒྱུན་ལས་མཚོ་སྔོན་ལ་བལྟ་བ”ཞེས་པའི་བརྙན་ཐུང་བསྡུ་སྒྲིག་འགྲེམ་སྒྲོག་དང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་འཁོར་བའི་བརྗོད་དོན་སྤྱི་ཕན་བརྡ་ཁྱབ་གསར་རྩོམ་དང་། འགྲེམ་སྒྲོག་བྱ་འགུལ་རྩ་འཛུགས་བྱས་ཤིང་། རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་ལ་མཛུབ་སྟོན་བྱས་པའི་སྤྱི་ཕན་བརྡ་ཁྱབ་ཁྲི8.5བཏང་། འཆར་འགོད་གསར་རྩོམ་བྱས་པའི་སྐྱེ་ཁམས་དཔལ་ཡོན་བརྗོད་དོན་དངོས་བཤུས་གློག་བརྙན《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》དེས། ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དངོས་བཤུས་གློག་བརྙན་ཐོག་མ་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བཤུས་གློག་བརྙན་འཕྲིན་ལམ་དང་། ཧྲང་ཧའེ་འཁོར་སྐར་འཕྲིན་ལམ། ཀྲེ་ཅང་འཁོར་སྐར་འཕྲིན་ལམ་སོགས་འཕྲིན་ལམ21དང་། སྨྱན་བྱད་གསར་བའི་སྟེགས་བུ100ཉེ་བའི་སྟེགས་བུར་ལོ་ཧྲིལ་བོར་བསྟུད་མར་བཏང་བ་མ་ཟད། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་མཉམ་འབྲེལ་སྒོས་སྒྲུབ་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་པར། སྤྱི་ཚོགས་ལས་རིགས་ཁག་གིས་བསྔགས་བརྗོད་ཐོབ། དུས་མཚུངས་སུ། དངོས་བཤུས་གློག་བརྙན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་ཚོགས་ཆེན་སྐབས་སུ་ཕྱི་རྒྱལ་ནས་བཏང་བ་དང་། ཁེབས་ཚད་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ200ལྷག་ཏུ་ཁྱབ་ཅིང་། སྐབས17པའི་ཀྲུང་གོ་དང་ཨ་མེ་རི་ཁའི་བརྙན་འཕྲིན་དུས་ཆེན“ཀྲུང་ཧྭ་རིག་གནས་རྒྱལ་སྤྱིའི་དྲིལ་སྒྲོག་ནུས་ཤུགས”གསེར་གྱི་བྱ་དགའ་ཐོབ།《སྤྲིན་གྱི་ཡང་སྟེང་དུ》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བཤུས་གློག་བརྙན་འཕྲིན་ལམ་ནས“ལོ་སར་སྐབས་ཀྱི་ཆེད་སྒྲིག་ལེ་ཚན”དུ་བདམས་ཤིང་། ཁྱོན་སྐོར་ཐེངས6གི་གཏོང་ཐེངས18ཡོད། དུས་མཚུངས་སུ། 《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》དང《ཁུ་ནུ་བདེ་ལ་བཀོད་པ》ཞེས་པ་གཉིས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་དངོས་བཤུས་གློག་བརྙན་འགྲེམ་སྒྲོག་ལེ་ཚན་ཁྲོད་བཞག

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།