ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་ནུ་ལམ་མགྱོགས་མྱུར་ངང་བསྒྱུར་བཀོད་བྱས་ཏེ་ཆུན་ཞིང་ཧྲང་ལམ་དང་སྦྲེལ་མཐུད་བྱས་ཏེ་ཟླ1པོའི་ཚེས17ཉིན་ནས་བཟུང་རླངས་འཁོར་ཤར་གཏོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས17ཉིན།  ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཁུ་ནུའི་ལམ་མགྱོགས་མྱུར་ངང་བསྒྱུར་བཀོད་བྱས་ནས་ཆུན་ཞིང་ཧྲང་ལམ་གཙོ་བོ་དང་སྦྲེལ་མཐུད་བྱས་ཏེ་རླངས་འཁོར་ཤར་གཏོང་བྱས།  ཁུ་ནུའི་དབུས་ལམ་གྱི་རླངས་འཁོར་འགག་པའི་གནས་ཚུལ་ཇེ་ཉུང་དུ་སོང་བ་དང་ཤར་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་ཤར་གཏོང་གི་ནུས་པའང་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། 

ཟི་ལིང་གྲོང་ཁྱེར་གྱི་ཆུན་ཞིིང་ཧྲང་ལམ་སྦྲེལ་མཐུད་བྱས་པའི་རྣམ་གྲངས་དེ་ཁུ་ནུ་དབུས་ལམ་བརྒྱུད་དེ་འཛུགས་སྐྲུན་བྱས་པ་དང་།  སྦྲེལ་མཐུད་བྱས་པའི་བགྲོད་ལམ་གཙོ་བོའི་རིང་ཚད་ལ་སྤྱི་ལེ1.25ཡོད་ལ།  དེའི་ཕྱོགས་གཉིས་སུ་འཁོར་ལམ་བཞི་དང་འཕྲལ་སྡོམ་འཁོར་ལམ་གཅིག་ཡོད།  ཁུ་ནུ་ལམ་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་ནུས་ལྡན་ངང་ཐག་གཅོད་དང་གཞུང་ལམ་འགྲིམ་འགྲུལ་གཞན་སྒྱུར་བྱེད་ཐབས་ཇེ་མགྱོགས་སུ་གཏོང་ཆེད།  ཟི་ལིང་གྲོང་ཁྱེར་གྱིས་ཧའེ་ཧུའུ་ལམ་གྱི་ལམ་ཐིག་བརྒལ་བའི་ཟམ་པ་དང་།  ཆུན་ཞིང་ཧྲང་ལམ་སྦྲེལ་མཐུད་བྱས་པའི་ལམ་ཐིག་རྣམ་གྲངས་དང་ཧོང་ཀྲུང་དབུས་ལམ་སྦྲེལ་མཐུད་བྱས་པའི་ལམ་ཐིག་རྣམ་གྲངས་བཅས་བཟོ་སྐྲུན་བྱས་པ་རེད། 

མིག་སྔར་ཧའེ་ཧུའུ་ཧྲང་ལམ་གྱི་ལམ་ཐིག་བརྒལ་བའི་ཟམ་པ་དང་ཆུན་ཞིང་ཧྲང་ལམ་སྦྲེལ་མཐུད་བྱས་པའི་ལམ་ཐིག་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་།  ཁུ་ནུ་ལམ་གྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་ནུས་ལྡན་ངང་ཞི་ལྷོད་དུ་གྱུར།  དེ་ལས་གཞན་ལས་གཞིའི་འཆར་གཞི་དང་བཀོད་སྒྲིག་ལ་གཞིགས་ནས་ཆུན་ཞིང་ཧྲང་ལམ་སྦྲེལ་མཐུད་བྱས་པའི་བགྲོད་ལམ་གཙོ་བོ་ཤར་གཏོང་ཐུབ་རྗེས།  2022ལོའི་དཔྱིད་དུས་ཀྱི་ལས་མགོ་བསྐྱར་འཛུགས་བྱ་རྒྱུ་ཡིན་པ་དང་གཞུང་ལམ་གཡས་གཡོན་གྱི་ལམ་ཐིག་ལ་ཁག་བགོས་ནས་བསྒྱུར་བཀོད་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།