ཀྲུང་གོ་བོད་ཀྱི་དྲ་བ།

ལུས་རྩལ་ཆེན་མོའི་འཆར་གཞིའི་ཚོད་ལྟའི་སྦྱོང་བརྡར་ལས་དོན་ཏུའོ་པ་རྟེན་གཞི་རུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ1པོའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  མཚོ་སྔོན་ཞིང་ཆེན་གྱི་རྩལ་འགྲན་ལུས་རྩལ་གྱི་བཟོད་ཤུགས་རྣམ་གྲངས“ལུས་རྩལ་ཆེན་མོའི”འཆར་གཞིའི་དུས་མཚམས་དང་པོའི་ཚོད་ལྟའི་སྦྱོང་བརྡར་ལས་དོན་དེ་མདོ་བ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་རུ་ཁྱོན་ཡོངས་ནས་སྤེལ་ཞིང་།  ཐེངས་འདིའི་ཚོད་ལྟའི་སྦྱོང་བརྡར་དེ་དུས་མཚམས་གསུམ་གྱི་སྐབས་བསྟུན་འདེམས་སྒྲུག་ལེགས་སྒྲིག་དང་ཚོད་ལྟའི་འགྲན་བསྡུར་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་རྒྱང་རྒྱུག་དང་འདར་རྒྱུག་འགྲན་བསྡུར།  ལྕགས་ལྟ་སོགས་སྲོལ་རྒྱུན་གྱི་ལེགས་ཆའི་རྣམ་གྲངས་དང་བྱེས་བགྲོད་གངས་ཤུད་སོགས་དགུན་དུས་རྣམ་གྲངས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་འདེམས་སྒྲུག་བྱ་རྒྱུ་མ་ཟད།  རྒྱལ་ཡོངས་ཀྱི་བཟོད་ཤུགས་རང་བཞིན་གྱི་རྣམ་གྲངས་ཀྱི་ཤེས་ལྡན་མི་སྣའི་སྦྱོང་བརྡར་ནང་ཞུགས་པར་འོས་སྦྱོར་ཡང་བྱ་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  རྩལ་འགྲན་ལུས་རྩལ་གྱི་བཟོད་ཤུགས་རྣམ་གྲངས་ཀྱི“ལུས་རྩལ་ཆེན་མོའི་འཆར་གཞིའི”རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྔར་ལས་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།  ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས།  2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དང2028ལོའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་དམིགས་ཚད་ལ་དམིགས་ཏེ།  མཚོ་སྔོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན།  བོད་རང་སྐྱོང་ལྗོངས་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཅས་སུ་སྤེལ་བའི་རྩལ་འགྲན་ལུས་རྩལ་གྱི་བཟོད་ནུས་རྣམ་གྲངས་ཀྱི་ཤེས་ལྡན་མི་སྣ་འདེམས་སྒྲུག་ལས་དོན་གཏན་འཁེལ་བྱས་པ་རེད།  “ལུས་རྩལ་ཆེན་མོའི”འཆར་གཞིའི་ཚོད་ལྟའི་གསོ་སྦྱོང་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ནས།  ལུས་རྩལ་པར་བདེ་འཇགས་དང་སྐྱིད་སྣང་ལྡན་པའི་ཚོད་ལྟའི་སྦྱོང་བརྡར་གྱི་འཚོ་བའི་ཁོར་ཡུག་ཅིག་མཁོ་འདོན་བྱ་ཆེད།  མདོ་བ་རྟེན་གཞིས“ཟ་མ་དང་སྡོད་གནས།  སྦྱོང་བརྡར”བཅས་ཕྱོགས་གསུམ་གྱི་ཐད་ནས་ཞབས་ཞུའི་འགན་ལེན་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་པ་རེད།  དེ་དང་ཆབས་ཅིག་དྲིལ་བསྒྲགས་སྣ་ཚོགས་ལ་ཤུགས་བསྣན་ནས་ཚོད་ལྟའི་ལས་དོན་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།  མིག་སྔའི་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་བླང་བྱའི་འོག་ཚོད་ལྟའི་སྦྱོང་བརྡར་རུ་མིས“བཤེར་རིས་གཉིས་དང་བརྟག་དཔྱད་གཅིག”སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་ལས་གཞན།  ཚོད་ལྟའི་སྦྱོང་བརྡར་སྐབས་སུ་རྟེན་གཞིར་བཀག་སྡོམ་འཁོར་སྐྱོད་བྱས་ནས་རིམས་ནད་འགོག་སྡོམ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།