ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཅི་ཞའོ་ཡིས་གཡུལ་སའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཧུར་ཐག་གིས་ལས་བཟོ་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་གཏོད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ(འགན་གཅིག་ལྕོགས)མ་ཅི་ཞའོ་ཡིས་དྲོ་སྐྱིད་སྦྱིན་པའི་ལས་དོན་ཚན་ཆུང་གི་སྣེ་ཁྲིད་དེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སྤྱི་བདེ་ཡན་ལག་ཅུའུ་རུ་ཕྱིན་ནས་རྒྱལ་ཡོངས་བཟོ་ཚོགས་ཀྱི་སྤུས་རྟགས་ལས་བཟོ་བའི་དཔེ་ཁང་དཔེ་སྟོན་ས་ཚིགས་ཀྱི་སྒོ་བྱང་བཀལ་བ་རེད།

མ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ལས་བཟོ་བའི་དཔེ་ཁང་ནི་བཟོ་ཚོགས་རྩ་འཛུགས་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཤུགས་སྣོན་པ་དང་ལས་བཟོའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པའི་འཐབ་ས་གལ་ཆེན་ཞིག་ཡིན། “དཔེ་ཀློག་གི་བཟོ་ཚོགས་དང་དཔེ་ཀློག་གི་མཚོ་སྔོན”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་སྐབས་གསར་པའི་ལས་བཟོ་པའི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་སྔར་ལས་ལྷག་པ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། དུས་རབས་གསར་པའི་ལས་བཟོ་པའི་བསམ་བློ་ཀུན་སྤྱོད་དང་རིག་གནས་ལེགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་བཟོ་བའི་བསམ་པའི་རིག་གནས་ཁེ་དབང་ལ་འགན་སྲུང་བྱེད་པ། ལས་བཟོ་བའི་དཔེ་ཁང་འཛུགས་སྐྲུན་གྱི་སྤུས་ཚད་དང་ཚད་གཞི་མཐོ་རུ་གཏོང་བ་དང་། ལས་བཟོ་བའི་དཔེ་ཁང་གི་ནུས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལས་བཟོ་བར“དཔེ་ཀློག་བྱེད་བདེ་བ་དང་དང་། དཔེ་དེབ་ཡག་པོ་ཀློག་པ”བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས། ཉིན་རེ་བཞིན་རྒྱ་ཆེའི་ལས་བཟོ་བའི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐང་ནས། ལས་བཟོ་བའི་དཔེ་ཁང་དེ་ཉིད་བཟོ་ཚོགས་རྩ་འཛུགས་ཀྱིས་ལས་བཟོ་བར་ཞབས་འདེགས་ཞུ་བའི་སྤུས་རྟགས་དང་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་བར་བྱེད་དགོས་པར་བརྗོད།

2021ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་རྒྱལ་ཡོངས་ཀྱི་ལས་བཟོ་བའི་དཔེ་ཁང་དཔེ་སྟོན་ས་ཚིགས227དང་། ཞིང་ཆེན་རིམ་པའི་ལས་བཟོ་བའི་དཔེ་ཁང་དཔེ་སྟོན་ས་ཚིགས731། ལས་བཟོ་བའི་སྟབས་བདེའི་རྣམ་པའི་དཔེ་ཀློག་ས་ཚིགས170། ངལ་རྩོལ་དཔེ་བཟང230བཅས་ལ་དཔེ་སྒྲོམ་སྒྲིག་སྦྱོར་བྱས་པ་དང་། གཞི་རིམ་བཟོ་ཚོགས96ལ་ལས་བཟོ་བའི་གློག་རྡུལ་དཔེ་ཁང་གི་ལྟ་ཀློག་འཕྲུལ་འཁོར་གཅིག་བཀོད་སྒྲིག་བྱས་ལ། ལས་བཟོ་བའི་གློག་རྡུལ་དཔེ་ཀློག་བྱང་བུ་ཁྲི100སྤྲད་པས། བསྡོམས་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཛུགས་སྐྲུན་གྲོན་དངུལ་ལ་སྒོར་ཁྲི1432.5བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།