ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱི་མྱུར་སྐྱེལ་ཁེ་ལས་ལས་མཚམས་འཇོག་རྒྱུ་མ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས11ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ལོ་སར་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱི་མྱུར་སྐྱེལ་ཁེ་ལས་“ལས་མཚམས་འཇོག་རྒྱུ་མིན”ཞིང་། ལོ་སར་སྐབས་ཀྱི་མྱུར་སྐྱེལ་ཞབས་ཞུ་འགན་སྲུང་བྱས་ཏེ། རྒྱ་ཆེའི་འཛད་སྤྱོད་པའི་མྱུར་སྐྱེལ་དགོས་མཁོ་བསྐོང་རྒྱུ་རེད།

ལོ་སར་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱི་སྦྲག་སྲིདEMSདང་ཧྲུན་ཧྥིན། ཀྲུང་ཐུང་། ཡོན་ཐུང་། ཡུན་ཏཱ། ཅིན་ཏུང་། ཏི་པང་། སུའུ་ཉིན། ཅིའི་ཐུའུ། པའེ་ཧྲི་སོགས་མྱུར་སྐྱེལ་ཁེ་ལས་གཙོ་བོའི་ལས་མཚམས་འཇོག་རྒྱུ་མིན་ཞིང་། རྒྱུན་ལྡན་ངང་ལས་གཉེར་བྱེད་པ་རྒྱུན་འཁྱོངས་བྱེད་པ་ཡིན། ཟི་ལིང་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུའུ་ཡིས2022ལོའི་ལུགས་རྙིང་དང་ལུགས་གསར་ལོ་སར་སྐབས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བ་བཀོད་སྒྲིག་བྱས་པ་དང་། ཞི་ཨན་སོགས་ས་ཁུལ་གཙོ་བོའི་ལས་རིགས་ཀྱི་རིམས་ནད་འགོག་སྡོམ་དང་མྱུར་སྐྱེལ་ཞབས་ཞུ་འགན་སྲུང་བྱ་བའི་བླང་བྱ་གཅིག་གྱུར་བྱས་པ་དང་། མྱུར་སྐྱེལ་ཁེ་ལས་ཀྱི་པྲོག་གསར་གློ་ཚད་ཀྱི་སྣོན་ཁབ་རྒྱག་པའི་གནས་ཚུལ་ཡོངས་བསྒྲགས་བྱས། མྱུར་སྐྱེལ་ཁེ་ལས་སོ་སོས་གནས་བབ་ལ་ངེས་ཤེས་གསལ་བོ་དང་། ཏན་ཏིག་གིས་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་དང་། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ནས། ཉེན་ཟོན་མི་ལྷོད་པར་གཟབ་ནན་སྒོས“བཙན་གསུམ་ངེས་བཞིའི”བྱ་བའི་བླང་བྱ་དོན་འཁྱོལ་དང་།མྱུར་སྐྱེལ་དངོས་པོའི་དུག་སེལ་དང་རྟགས་རྒྱག་པའི་བྱ་བ་དམ་འཛིན་བྱེད་པ་དང་། འགུལ་རྣམ་སྙོམས་སྒྲིག་ཁྲོད་ཉེན་ཁ་འབྲིང་མཐོ་ས་ཁུལ་གྱི་མྱུར་སྐྱེལ་མ་ལག་འགོག་སྡོམ་བྱ་བ་དོན་འཁྱོལ་བྱེད་པ། ཞི་ཨན་ཐག་གཅོད་མྱུར་སྐྱེལ་ལ་དམིགས་ཏེ། ཐོན་སྐྱེད་ཚོང་གཉེར་གོ་རིམ་ལ་འགན་སྲུང་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་དང་། “ཁ་ཐུམ་རྒྱག་པ”དང“དྲོད་གྲངས་འཇལ་བ”“སྨི་གཅིག”“དུག་སེལ་བྱེད་པ”བདེ་ཐང་ཨང་བཤེར་སོགས་འགོག་སྲུང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་ནས། རིམས་ནད་གཟབ་ནན་སྒོས་དྲིལ་སྒྲོག་ཐབས་ལམ་བརྒྱུད་དེ། མྱུར་སྐྱེལ་ཁེ་ལས་ཀྱི་གཅིག་གྱུར་རིམས་ནད་འགོག་སྡོམ་དང་།དམངས་འཚོས་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་ངང་དུས་ཆེན་རོལ་བར་མྱུར་སྐྱེལ་ཞབས་ཞུ་འགན་སྲུང་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།