ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་རྒྱ་གྲམ་དམར་པོའི་དང་བླངས་པ་བརྒྱད་ལ་རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་བཟང་གི་མཚན་སྙན་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པས་རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་བཟང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།  མཚོ་སྔོན་གྱི་མི8དེའི་ཁྲོད་དུ་ཚུད་ཡོད།

ཉེ་བའི་ལོ་འདི་དག་ལ།  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རྒྱ་ཆེའི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་རྒྱ་གྲམ་དམར་པོའི་ལས་དོན་ཁྲོད་ཞུགས་པར་སྐུལ་སློང་རྒྱ་ཆེར་བྱས་ཏེ།  དང་བླངས་པའི་རྒྱ་གྲམ་དམར་པོའི་བྱ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པ་དང་།  རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོངས་སུ་མངོན་པར་བྱས་ཡོད།  འཕྲལ་བསྟུན་རོགས་སྐྱོབ་དང་མྱུར་སྐྱོབ་བྱེད་པ།  མི་ཆོས་རོགས་སྐྱོབ་དང་།  གཞིས་ཁུལ་ཞབས་ཞུ།  མི་ཆོས་ཁྱབ་སྤེལ་དང་།  དབུལ་ཐར་འགག་སྒྲོལ།  པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ནས་བྱས་རྗེས་འབུར་དུ་ཐོན་པ་དང་མང་ཚོགས་ཀྱི་ཁས་ལེན་པ།  ཤུགས་རྐྱེན་གཏིང་ཟབ་པའི་སྔོན་ཐོན་དཔེ་བཟང་གང་མང་ཞིག་བསྐྲུན་ཡོད་ལ།  སྤྱི་ཚོགས་ལས་རིགས་སོ་སོས་ཁས་ལེན་དང་བསྟོད་བསྔགས་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།