ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གློག་རླངས་དྲོད་མཁོ་འདོན་བྱེད་པའི་ལས་རིགས་ཀྱི་གྲོན་བསྡུ་ལ་གཙང་སེལ་དང་ཚད་ལྡན་བཟོ་བར་གྲུབ་འབྲས་ཐོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་དང་གློག སོལ་རླངས། དྲོད་མཁོ་འདོན་སོགས་སྤྱི་སྤྱོད་བྱ་གཞག་ནི་རྒྱ་ཆེའི་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་ཁེ་ཕན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔལ་འབྱོར་འཁོར་རྒྱུག་དང་ཐད་ཀར་འབྲེལ་བ་ཡོད། ཟླ1པོའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་གསལ་བྱུང་བར། 2021ལོར་དམངས་འཚོའི་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་ཞིང་ཆེན་རིམ་པའི་སྡེ་ཁག་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ལས་རིགས་ཀྱི་གྲོན་བསྡུ་གཙང་སེལ་དང་ཚད་ལྡན་གཏོང་བའི་ལས་དོན་ལ་མཉམ་འབྲེལ་སྒོས་སྐུལ་འདེད་བཏང་ནས། སྲིད་ཇུས་ཀྱི་ཁེ་སྤོགས་མཐའ་སྣེ་སྤྱོད་མཁན་ལ་བརྒྱུད་སྤྲོད་བྱེད་པར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ནན་ཏན་གྱིས་མཐོ་རུ་བཏང་།

གཙང་བཤེར་དང་ཚད་ལྡན་དུ་གཏོང་བའི་ལས་དོན་སྤེལ་བ་ནས་བཟུང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་ནུས་ལས་བགོས་དང་ས་ཁུལ་སོ་སོའི་ཁོངས་གཏོགས་ཁུལ་གྱི་དོན་གཅོད་དབང་ཆར་གཞིགས་ནས། སྲིད་ཇུས་ཀྱི་ཁེ་སྤོགས་མཐའ་སྣེ་སྤྱོད་མཁན་ལ་ཁྱབ་པར་མུ་མཐུད་སྐུལ་འདེད་བཏང་བས། གཙང་སེལ་དང་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོན་ཡོད། 《གློག་དྲས་ཐད་གཏོང་མིན་པའི་རིན་གོང་སྲིད་ཇུས་སྔར་བས་ཁ་གསལ་བཟོ་བའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆ་འགྲེམས་སྤེལ་བྱས་ཏེ་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་། ཐོན་ལས་གླིང་། སྡེ་ཁུལ་དོ་དམ། ལས་སྒྲུབ་ཐོག་ཁང་སོགས་གློག་མཁོ་འདོན་བྱེད་མཁན་ལ་གློག་རིན་བསྡུ་བར་གཞི་འཛིན་ས་གཏན་འཁེལ་བྱེད་ཐབས་གསལ་པོ་བཟོས་ནས། ཞིང་ཆེན་ཡོངས་ཀྱི་ཕྱིར་ཚོང་གློག་རིན་གྱི་རིགས་དབྱེའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། གློག་གཏོང་ལྷུ་ཚིགས་ཀྱི་སྒྲིག་འགལ་རིན་གོང་འཕར་བའི་གནད་དོན་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་ཏེ། གློག་མཁོ་འདོན་མཁན་དུད་ཚང1657ལ་གྲལ་བཤེར་དང་གཞན་སྒྱུར་བྱས་ནས། དུད་ཚང938ཀྱི་གློག་གཏོང་མཁན་གྱི་སྒྲིག་འགལ་བྱ་སྤྱོད་ཡོ་བསྲང་བྱས། ཞིང་ཆེན་ཡོངས་ཀྱིས་ཆུ་དང་། གློག་དང་དྲོད་མཁོ་འདོན་བྱེད་པའི་ལྷུ་ཚིགས་ཀྱི་ལུགས་དང་མི་མཐུན་པའི་གྲོན་བསྡུ་ཁག20ལྷག་ཙམ་གཙང་སེལ་དང་ཚད་ལྡན་དུ་བཏང་ནས་ཆུ་དང་གློག་མཁོ་འདོན་བྱེད་པ་བརྒྱུད་མཁོ་འདོན་བྱེད་པའི་ལྷུ་ཚིགས་ཀྱི་ལུགས་དང་མི་མཐུན་པའི་འགྲོ་གྲོན་མངོན་གསལ་དོད་པོས་ཇེ་ཉུང་དུ་བཏང་།

ཤེས་གསལ་བྱུང་བར། གཙང་སེལ་དང་ཚད་ལྡན་དུ་གཏོང་བའི་བརྒྱུད་རིམ་ཁྲོད། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་གསར་འགྱུར་དྲ་བ་སོགས་བརྒྱུད《གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་དང་སོལ་རླངས་མཁོ་སྤྲོད་ལས་རིགས་ཀྱི་གྲོན་བསྡུའི་གནད་དོན་གྱི་ཁུངས་སྣེ་བསྡུ་བའི་སྐོར་གྱི་སྤྱི་བསྒྲགས》སྤེལ་ནས། གནད་དོན་བདག་སྤྲོད་བྱེད་པའི་ཁ་པར་དང་སྦྲག་སྒམ་སྤྱི་བསྒྲགས་བྱས་ཤིང་ཁུངས་སྣེ་ཞུ་གཏུག་གི་ཁ་པར་མི་ཐེངས256དང་གློག་རྡུལ་འཕྲིན་ཡིག156འབྱོར་བ་མ་ཟད། ཆུ་གློག་རླངས་དྲོད་ལས་རིགས་ཀྱི་གྲོན་བསྡུའི་གནད་དོན364བསྡུ་ལེན་བྱས། ཡུལ་དངོས་བཅར་འདྲི་བརྟག་ཞིབ་བྱེད་སྐབས། མང་ཚོགས་ཀྱིས་བཏོན་པའི་ཁུངས་སྣེར་གཞིགས་ཏེ་ཞིབ་དཔྱད་བྱས་པ་མ་ཟད། སྐབས་བསྟུན་སྒོས་དུད་ཚང་དུ་ཕྱིན་ནས་འཐེན་བཤེར་དང་། འགྲོ་གྲོན་བསྡུ་བའི་འཛིན་ཡིག་དང་ཐོ་འགོད་བྱས་པའི་ཟིན་ཐོར་ཞིབ་བཤེར་བྱས་ཤིང་། སྐབས་བསྟུན་གྱིས་བླངས་པའི་འཛིན་ཡིག་ཆ་འཕྲིན་ལྟར་སྤྱོད་མཁན་གཉིས་ནས་གསུམ་ལ་ཁ་པར་བཏང་ནས་བློ་ཡིད་ཚིམ་ཚད་དང་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས།

རྗེས་མར་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གིས་ལས་རིགས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཆུ་གློག་སོགས་ཐོན་རྫས་ཞབས་ཞུ་མཁོ་འདོན་གྱི་སྤུས་ཚད་དང་ལས་ཕྱོད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་མཐོ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།