ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་བདུན་ལ་རིན་མི་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཏང་པའི་བརྡ་ཐོ་ལྟར་ན།  ཟླ་དང་པོའི་ཚེས31ཉིན(གཟའ་ཟླ་བ།ལོ་སར་གནམ་གང་གི་དགོང་མོ)ནས་ཟླ2པའི་ཚེས6ཉིན(གཟའ་ཉི་མ།ཚེས6ཉིན) ངལ་གསོའི་དུས་ཚོད་ཡིན་པ་དང་བསྡོམས་པས་ཉིན་བདུན་རིང་ལ་ངལ་གསོ་དང་། ཟླ་དང་པོའི་ཚེས29ཉིན(གཟའ་སྤེན་པ)དང་ཟླ་དང་པོའི་ཚེས30ཉིན(གཟའ་ཉི་མ)དངོས་སུ་ལས་ཚོགས་བྱེད་རྒྱུ་རེད། 

ད་ལོའི་ལོ་སར་གྱི་གུང་གསེང་སྐབས་སུ(ཟླ་དང་པོའི་ཚེས31ཉིན་ནས་ཟླ2པའི་ཚེས6ཉིན་བར)མྱུར་བགྲོད་གཞུང་ལམ་སྟེང་རྐུབ་སྟེགས7མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རིན་མེད་ངང་ཤར་གཏོང་ཐུབ་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས2022ལོའི“ལོ་སར་སྐྱེལ་འདྲེན་སྐབས་སུ”འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་བཏང་སྟེ། 2022ལོའི་ལོ་སར་སྐྱེལ་འདྲེན་ཟླ་དང་པོའི་ཚེས17ཉིན་ནས་འགོ་བརྩམས་ཏེ་ཟླ2པའི་ཚེས25ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད། ཉེ་ལམ་རྒྱལ་ནང་གི་རིམས་ནད་ཁ་ཐོར་རང་བཞིན་དང་གཞི་ཁྱོན་རང་བཞིན་གཉིས་གཅིག་སྡུད་མཉམ་གནས་ཀྱི་རྣམ་པའི་ཤུགས་རྐྱེན་འོག  ད་ལོའི་ལོ་སར་སྐྱེལ་འདྲེན་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་འགྲོ་ལམ་གནས་ཚུལ་སྤྱི་ཡོངས་ནས་ཇེ་ལེགས་སུ་སོང་ཡོད་པ་དང་། དུས་ཆེན་སྔོན་ལ་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་ཁ་ཤས་ཀྱི་བགྲོད་ལམ་སྟེང་འགྲུལ་རྒྱུན་ཇེ་མང་དུ་ཕྱིན་ནས་ཕ་ཡུལ་དུ་ལོག་པ་དང་གཉེན་ཉེ་ལྟ་རུ་འགྲོ་བ་སོགས་གཅིག་སྡུད་ཕྱིར་སྐྱོད་ཀྱི་གནས་ཚུལ་མངོན་གསལ་རེད།

ཞིང་ཆེན་ནང་ཁུལ་དུ་ལམ་ཐག་རིང་ཐུང་གི་འགྲུལ་སྐྱེལ་དང་ས་མཚམས་བརྒལ་བའི་འགྲུལ་པ་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་དུས་གཅིག་ཏུ་སྒྲིལ་གྲབས་ཡོད་པ་དང་དུས་ཆེན་རྗེས་ཀྱི་ཟླ2པའི་ཚེས20ཉིན(ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་རྗེས་ཀྱི་གཟའ་ཉི་མ་དང་པོ)ཕྱིར་ལོག་བྱེད་མཁན་ཅུང་མང་པས། མྱུར་བགྲོད་གཞུང་ལམ་སྟེང་འཚང་ཁ་ཆེ་བའི་གནས་ཚུལ་ཐོན་རྒྱུ་ཡིན་པས་ལམ་དུམ་བུ་ཁག་གཅིག་ཏུ་མ་གཏོགས་ལམ་འགག་པའི་གནས་ཚུལ་ཐོན་མེད་པ་རེད། ལོ་སར་སྐྱེལ་འདྲེན་སྐབས་སུ་ཞིང་ཆེན་ཡོངས་སུ་མཁའ་དབུགས་འཁྱག་པའི་གནས་ཚུལ་མང་བ་དང་། དུས་མཚམས་རང་བཞིན་གྱིས་འཁྱག་ཉེན་ཆེ་བའི་གནས་ཚུལ་འབྱུང་སྲིད་པས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་བགྲོད་ལམ་སྟེང་དུས་མཚམས་རང་བཞིན་གྱི་ཁངས་གསོག་པའི་གནས་ཚུལ་འབྱུང་བ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་འདིའི་ཕྱོགས་ཀྱི་ཉེན་ཁར་དོ་སྣང་བྱེད་རྒྱུ་གལ།   ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།