ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་ནས་སྤྱི་སྡོམ་གཏམ་བཤད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དུ་གྲོལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཆེད་དོན་བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་ནས་སྤྱི་སྡོམ་གཏམ་བཤད་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། གཏན་འབེབས་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་པོར་སྒྲུབ་པ། ལོ་རྒྱུས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ལོ་རྒྱུས་ཀྱི་རང་རྟོགས་རང་བཞིན་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ནས། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

བགྲོ་གླེང་འཛིན་གྲྭ་དངོས་ཀྱི་སྐབས་སུ། སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་རྩོམ་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ནས། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བསམ་བློའི་ལྟ་བ་གལ་ཆེན་དང་ཆོད་གཏམ་གལ་ཆེན། བཀོད་སྒྲིག་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། བསམ་བློ་སྔར་ལས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས། ལས་དོན་ཡག་པོ་སྒྲུབ་པ་དང་འགན་གཙང་ལེན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་། བགྲོ་གླེང་འཛིན་གྲྭ་དངོས་སུ་གྲོལ་བའི་མཛད་སྒོའི་སྟེང་དུ། བགྲོ་གླེང་འཛིན་གྲྭའི་འཐུས་མི་བཅུ་ཡིས་གཏམ་བཤད་ནས་སློབ་སྦྱོང་གི་གྲུབ་འབྲས་སྙན་ཞུ་ཕུལ་བར་མ་ཟད། དེ་འབྲེལ་གྱི་བསམ་བློ་བརྗེ་རེས་བྱས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་ཉིད་ཀྱི་བསམ་བློ་བར་མེད་དུ་བརྒྱན་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་དུ་དམ་འཛིན་བྱ་རྒྱུ་དང་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཏང་གཤིས་བློ་སྦྱོང་དུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་བཟང་པོ་དང་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོན་པར་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ལོ་ཆུང་གཞོན་ནུ་རྣམས་ཀྱིས་ལོ་རྒྱུས་ཤེས་པར་བྱེད་པ་དང་ཏང་ལ་དགའ་ཞེན་བྱེད་པ། རྒྱལ་ཁབ་ལ་དགའ་ཞེན་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

ཁྲིན་ཞི་ཡིས་བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོར་འགོ་འཛིན་བྱས། ཏིན་ཞུའེ་ཞང་དང་དབྱང་ཞའོ་ཏུའུ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཡུག་ཆོན་བཅས་བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།