ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭར་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ་ཞིག་སླེབས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཏང་ལ་ཡང་བསྐྱར་གླུ་ཞིག་ལེན། བདེ་སྐྱིད་ཀྱི་གླུ་གཞས་ཁྱེད་ལ་འབུལ། མི་རིགས་ཕུ་ནུ་མིང་སྲིང་གི་སེམས་པ་གཅིག་ཏུ་སྦྲེལ། ང་ཚོས་འཆམ་མཐུན་ཁྱིམ་གཞིར་བརྩེ་བའི་ལག་རྡང་སྦྲེལ……”ཉེ་ཆར། ཧོ་ནན་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཞང་ལྟེ་གནས་བཅའ་སྡོད་ཆ་ཚང་སློབ་ཆུང་དུ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱིས་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ཏེ། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་མགོ་བརྩམས། ཉིན་དེར་སློབ་གྲྭའི་ཏང་ཡོན་དཔུང་སྡེའི་ཁྲོད་དམིགས་བསལ་གྱི་མི་སྣ་ཞིག་ཇེ་མང་དུ་སོང་ཡོད་དེ། མོ་ནི་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ་ལི་ཅི་ལེན་རེད། ཁོ་མོ་སྟེགས་བུ་སྟེང་ལངས་ཏེ་སློབ་གྲྭའི་ཏང་ཡོན་རྣམས་ལ་ཏང་གི་སློབ་ཐུན་དང་པོ་སློབ་ཁྲིད་བྱས།

སློབ་གྲྭའི་ཏང་རྩ་འཛུགས་ལ་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ་བདམས་མངགས་བྱེད་པ་ནི་ཧི་ནན་རྫོང་གིས་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་གྱི་སྟོབས་ཤུགས་ཞན་པ་དང་ཕན་ནུས་ཁེབས་ཚད་མི་འདང་བའི་གནད་དོན་ཐག་གཅོད་པའི་བྱེད་སྟངས་ཤིག་ཡིན། “གཅིག་གཏད་གཅིག”དང“གཅིག་གིས་མང་པོར་ཁ་གཏོད་པ”“མང་པོས་གཅིག་ལ་ཁ་གཏོད་པ”ཡི་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ་བདམས་མངགས་བྱས་ཏེ། ཏང་འཛུགས་སྐྲུན་གྱི“དྲིལ་སྒྲོག་པ་དང་མཛུབ་སྟོན་པ། ཞབས་ཞུ་པ། ཆ་འཕྲིན་པ”ཡི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་པ་དང་། མངའ་ཁུལ་སློབ་གྲྭའི་ཏང་རྩ་འཛུགས་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་ཏང་འཛུགས་སྐྲུན་གྱི་བྱ་བ་ཇེ་ལེགས་སུ་བཏང་།

“རྩ་འཛུགས་པུའུ་ཡིས་མངགས་པའི་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པས་གོང་རིམ་གྱི་ཏང་འཛུགས་སྐྲུན་གྱི་བླང་བྱ་དངོས་འབེབས་བྱེད་པའི་བྱ་བ་སྔར་ལས་གནད་དུ་འཁེལ་བའི་སྒོ་ནས་བརྒྱུད་སྒྲོག་དང་མཛུབ་སྟོན་བྱས་པར་མ་ཟད། ལྷོད་གཡེང་དུ་གྱུར་པའི་ཏང་ཡོན་གྱི་སྤུས་ཀ་མཐོར་འདེགས་གཏོང་བར་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་བྱས།”སློབ་གྲྭའི་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་སྐྱབས་ཀྱིས་བཤད་རྒྱུར། ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པས་མཛུབ་སྟོན་རོགས་རམ་བྱས་འོག ཀྲི་པུའུ་ཡིས་འཛུགས་སྐྲུན་ཆེན་མོ་དྲུག་ཤུགས་གང་ཡོད་ཀྱིས་ཇེ་དྲག་ཏུ་བཏང་བ་བརྒྱུད། “ཚོགས་གསུམ་སློབ་གཅིག”དང་རྨ་ལྷོའི་གདོང་མཆོང་ཏང་འཛུགས་སྐྲུན་གྱི་བློ་གྲོས་སྤྲིན་སྣེ་འཕྲིན་སྟེགས་བེད་སྤྱོད་གང་ལེགས་བྱས་པ་དང་། འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དང་རང་དབང་དབང་ཆ་ཡིད་ལ་དམ་པོར་བཟུང་སྟེ། ཏང་འཛུགས་སྐྲུན་གྱི་སློབ་གསོ་སློབ་ཁྲིད“མཉམ་འགྲོ་མཉམ་སྒུལ་དང་མཉམ་སྒུལ་འཕེལ་རྒྱས། ཕན་ཚུན་སྐུལ་འདེད”བྱེད་པ་མངོན་འགྱུར་བྱས་པ་དང་། རྫོང་ཡོངས་ཀྱི་སློབ་གསོའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

“ཏང་ཡོན་སྡུད་ལེན་བྱེད་པའི་བླང་བྱ་གཟབ་ནན་ཡིན་པས། ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པས་ང་ཚོར་ཐབས་ལམ་གསལ་པོ་དང་གཙོ་གནད་བཏོན་ཏེ། ང་ཚོར་ཏང་ཡོན་སྡུད་ལེན་བྱེད་པའི་བྱ་བའི་གོ་རིམ་རང་བཞིན་དང་ཚད་ལྡན་རང་བཞིན་ལ་སྔར་ལས་རྒྱུས་ལོན་ཟབ་མོ་ཡོད་པར་བྱས”ཀྲི་པུའུ་ཡི་ཏང་དོན་བྱ་བ་སྒྲུབ་མཁན་པའེ་ཚའེ་ཞུའེ་ཡིས་དེ་ལྟར་བཤད་པ་དང་། སློབ་གྲྭས་ཏང་ཡོན་སྡུད་ལེན་བྱེད་པའི་བྱ་བའི་ཤུགས་འདོན་ས་དེ་ཏང་ཞུགས་ཧུར་བརྩོན་མཁན་གསོ་སྦྱོང་བྱེད་པའི་སྟེང་བཞག་སྟེ། བྱ་བའི་ཐབས་ལམ་རྒྱུན་ཆད་མེད་པར་གསར་སྐྲུན་དང་། “གཉིས་བདམས་གཉིས་སྐུལ”གྱི་ཏང་ཡོན་སྡུད་ལེན་བྱེད་པའི་དཔེ་དབྱིབས་ལག་བསྟར་བྱས་པ་བརྒྱུད། དགེ་རྒན་དཔུང་སྡེའི་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོ་ཏང་ཡོན་སྡུད་ལེན་བྱ་ཡུལ་གཙོ་བོར་འཇོག་པ་དང་། “སྒོ་ཁར་བསྒུགས་ནས་སྡོད་པ”དེ“རང་འགུལ་སྣེ་ཁྲིད”དུ་བསྒྱུར་ཅིང་། ཀྲི་པུའུ་ཡིས་ཏང་ཡོན་སྡུད་ལེན་བྱེད་པའི་བྱ་བ་རིམ་གྱིས་ཚད་ལྡན་དུ་བཏང་།

“ཏང་འཛུགས་སྐྲུན་མཛུབ་སྟོན་པའི་ལས་འགན་གྱི་གནད་འགག་ནི་ཟུར་ཁྲིད་བྱེད་རྒྱུ་དེ་ཡིན། ཚད་ལྡན་ཅན་གྱི་ཏང་ཀྲི་པུའུ་འཛུགས་སྐྲུན་དང་ཏང་རྩ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བའི་ཕྱོགས་ནས་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་བྱ་བའི་ཐབས་ལམ་དང་བྱ་འགུལ་ཐོན་ཁུངས་མཁོ་སྤྲོད་བྱས་པ་དང་། ཚད་ལྡན་གྱི་ཏང་ཡོན་དོ་དམ་བྱེད་སྟངས་ཆ་ཚང་ཞིག་བཞག་ནས། ‘1+1﹥2’ཡི་ཕན་འབྲས་ལ་ཐོན་ཡོད”ཅེས་ཧོ་ནན་རྫོང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་སུང་ཞན་ཚང་གིས་དེ་ལྟར་བཤད་བྱུང་།

ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ་ཐོན་པ་དང་བསྟུན་ནས། སློབ་གྲྭ་དེའི་ཏང་ཀྲི་པུའུ་ཡི་རྣམ་པར་རིམ་བཞིན་འགྱུར་ལྡོག་བྱུང་བ་རེད། “དུས་ཡུན་ངེས་ཅན་ཞིག་ལ་ཕན་ཚུན་སྤེལ་རེས་བྱས་པ་བརྒྱུད། སློབ་གྲྭའི་ཏང་འཛུགས་སྐྲུན་གྱི་བྱ་བ་དྲང་ལམ་དུ་སོང་བར་མ་ཟད། ད་དུང་རང་འགུལ་གྱིས་ང་རང་བཙལ་ནས་ཏང་འཛུགས་སྐྲུན་གྱི་བྱ་འགུལ་ཇུས་འགོད་བྱེད་དུ་བཅུག”ཅེས་ལི་ཅི་ལེན་གྱིས་དེ་ལྟར་བཤད་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། ཧོ་ནན་རྫོང་གིས་གཞི་རིམ་དམ་འཛིན་བྱེད་པ་ལ་བརྟེན་ནས་རྨང་གཞི་བརྟན་པོར་གཏོང་བ་དང་། ཏང་འཛུགས་སྐྲུན་དམ་འཛིན་གྱིས་ཚོགས་པར་སྣེ་ཁྲིད་པ། མགོ་ཁྲིད་ཚན་ཆུང་དམ་འཛིན་གྱིས་དཔུང་སྡེར་སྣེ་ཁྲིད་པ། “ཀྲི་པུའུ+སློབ་གྲྭ”ཡི་ཏང་འཛུགས་སྐྲུན་བྱ་བའི་དཔེ་དབྱིབས་གསར་སྐྲུན་བྱས་པ་བརྒྱུད། སློབ་གྲྭའི་ཏང་འཛུགས་སྐྲུན་དང་ལས་སྒོའི་བྱ་བ་འདྲེས་སྦྱོར་ཟབ་མོ་བྱེད་པ་མངོན་འགྱུར་བྱས་ཏེ། སློབ་གསོ་སློབ་ཁྲིད་དང་དཔུང་སྡེ་འཛུགས་སྐྲུན། སློབ་སྒྲུབ་ཆ་རྐྱེན། སློབ་ར་བདེ་འཇགས། སློབ་གསོ་ལྟ་སྐུལ་ཁྲིད་སྟོན་བཅས་མཐོར་འདེགས་ཆེན་པོ་འབྱུང་བར་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།