ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ས་གནས་གཉིས་རྒྱལ་ཡོངས་ཀྱི4Cརིམ་པའི་སྒེར་བསྐོར་ཡུལ་སྐོར་གྱི་སྡོད་གནས་སུ་བདམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས10ཉིན། ཀྲུང་གོའི་ཡུལ་སྐོར་རླངས་འཁོར་དང་གྲུ་གཟིངས་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ནས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ལྟར་ན། རྒྱལ་ཡོངས་ཀྱི་སྐོར་རིམ་གཉིས་པའི5Cདང4Cརིམ་པའི་སྒེར་བསྐོར་ཡུལ་སྐོར་སྡོད་གནས་མིང་ཐོ་ཕྱིར་བཏོན་པ་དང་། རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་བསྐོར་ལྕགས་རྟའི་སྤྱི་གླིང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚ་རྔ་འགག་ཧོང་ལིའུ་གཞིས་ཀ་གཉིས་རྒྱལ་ཡོངས་ཀྱི་རིམ་པ4Cསྒེར་བསྐོར་རླངས་འཁོར་སྡོད་གནས་སུ་བདམས། འདི་ནི་གསར་འགོད་པས་ཟླ་དང་པོའི་ཚེས13ཉིན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་ནས་རྒྱུས་ལོན་བྱུང་བའི་གསར་འགྱུར་ཡིན། 

རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་གནས་སྐོར་རླངས་འཁོར་གྲུ་གཟིངས་མཐུན་ཚོགས་ཀྱིས2021ལོའི་ཟླ10བ་ནས་བཟུང་སྐོར་རིམ་གཉིས་པའི་རང་མོས་རླངས་འཁོར་སྡོད་གནས་སྤུས་ཚད་ཚད་རིམ་ངེས་ལེན་བྱ་བ་མགོ་བརྩམས་ཤིང་། 《རང་མོས་རླངས་འཁོར་སྡོད་གནས་སྤུས་ཚད་ཚད་རིམ་རིམ་བགོས》ལས་རིགས་ཚད་གཞི་དང་ངེས་ལེན་ཞིབ་ཕྲ་ལྟར། རྒྱལ་ཡོངས་ཀྱི་སྐོར་རིམ་གཉིས་པའི་ཚད་རིམ5Cདང4Cརླངས་འཁོར་སྡོད་གནས་སྤུས་ཚད་ཚད་རིམ་ངེས་ལེན་ལ་ཆོག་མཆན་ཐོབ།དེ་བས། རྒྱལ་ཡོངས་མཐོ་རིམ་རང་མོས་རླངས་འཁོར་བསྐོར་བའི་སྡོད་གནས་དེ35རུ་རྒྱ་བསྐྱེད། ཐེངས་འདིའི་སྡོད་གནས་ངེས་ལེན་ཁྲོད། ཧེ་ལུང་ཅང་ཞིང་ཆེན་དང་ མཚོ་སྔོན་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སོགས་ཞིང་ལྗོངས་ཀྱིས་འོས་སྦྱོར་བྱས་པའི་སྡོད་གནས་སྐོར་ཞིག་གིས། རང་རྒྱལ་གྱི་བྱང་ཤར་དང་ནུབ་བྱང་ས་ཁུལ་གྱི་མཐོ་རིམ་སྡོད་གནས་ཀྱི་སྟོང་ཆ་བསྐངས། ངེས་ལེན་བྱས་པའི5Cདང4Cསྡོད་གནས་སུ་གུང་གསེང་དང་ལུས་རྩལ་སྦྱོང་བརྡར། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། ལྗོངས་ཁུལ། གྲོང་གསེབ་དམངས་སྲོལ་སོགས་བརྗོད་དོན་རིིགས་འདུས་ཤིང་། རྒྱལ་ཡོངས་ཁམས་གསེང་གནས་སྐོར་འཕེལ་རྒྱས་ཐད་དཔེ་སྟོན་རང་བཞིན་ཆེས་ཆེར་ལྡན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།