ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གཙང་བོ་དང་ཆུ་བོའི་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ཏེ་འཆམ་མཐུན་ཁྱིམ་གཞིས་མཉམ་སྐྲུན་བྱེད་པར་ཤུགས་སྣོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོར། མཚོ་སྔོན་ཞིང་ཆེན་གྱིས་མགྱོགས་མྱུར་ངང་འབྲི་ཆུ་དང་རྨ་ཆུ། མཚོ་སྔོན་པོའི་གཙོ་གནད་ཆུ་ཁོངས་ཀྱི་ཉ་འགོག་དོ་དམ་སྒྲིག་སྲོལ་འཛུགས་སྐྲུན་དང་། ཏན་ཏིག་སྒོས་ཉ་འགོག་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཉ་རིགས་གསོ་སྤེལ་ཕྱིར་གཏོང་བྱ་བ་སྤེལ་ནས། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་དང་ཉ་རིགས་ཆུ་ཁོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་སྣོན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་བར་ཕན་འབྲས་མངོན་གསལ་བླངས།

ན་ནིང་གི་རིང་ལ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཧུར་ཐག་གིས་སྲུང་སྐྱོང་ཁུལ14ཡི་ཆུ་སྐྱེས་སྐྱེ་དངོས་རྟོག་ཞིབ་དང་། སྒྲིག་ཆས་ཞིག་གསོ་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་ཏེ། མུ་མཐུད་དུ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཟིན་པའི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཉ་རིགས་ཆུ་ཐོན་ཐོན་ཁུངས་སྲུང་སྐྱོང་ཁུལ་གྱི་དོ་དམ་ལ་ཤུགས་བསྣན་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱི་ཆིང་ཁྲི258ལ་དང་། སྤྱི་ཆིངས་ཁྲི156ཡི་དཀྱིལ་སྙིང་ཁུལ། དེ་མིན་ཉ་རིགས་རིགས་སྣ30ལ་སྲུང་སྐྱོབ་ཐོབ་ཅིང་། དམིགས་གཏད་རང་བཞིན་སྒོས་ཁྲིམས་ལུགས་ཞིབ་བཤེར་བྱ་བ་སྤེལ་བ་དང་། སྐྱེ་ཁམས་ཁ་གསབ་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཆུ་ཐོན་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་བསྣན། ཆེད་ལས་སྡེ་ཁག་གིས་དཔྱད་འཇོག་རྟོག་ཞིབ་བྱས་པ་བརྒྱུད། 2021ལོའི་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི10.85སླར་གསོ་བྱུང་ཞིང་། དེ་ནི་སྲུང་སྐྱོང་གི་ཐོག་མའི་དུས་སྐབས་ཀྱི་ལྡབ42ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་དང་རྒྱལ་ཁབ་རིམ་པའི་ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་ཁུལ་སོགས་ཉ་རིགས་ཆུ་ཁོངས་ཀྱི་སྐྱེ་ཁམས་རྒྱུན་འཁྱོངས་བྱས་ཤིང་། འབྲི་ཆུའི་མགོ་ཁུངས་ཀྱི་ཉ་རིགས་ཐོན་ཁུངས་སྲུང་སྐྱོང་ཉར་ཚགས་བྱས་པ་ཅུང་བཟང་བ་དང་། ཐོན་ཁུངས་ལྡབ་འགྱུར་གྱི་འཕར་སྣོན་བྱུང་། དེ་མཚུངས་སུ། ཞིང་ཆེན་ཡོངས་སུ་ལྟ་ཞིབ་ཚད་ལེན་བྱེད་ས149བཀོད་སྒྲིག་བྱས་པ་དང་། ཉ་རིགས་ཆུ་ཁོངས་ཀྱི་ཆུ་ཁོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཚད་ལེན་མཇུག་འབྲས་དེ《ཉ་ལས་ཆུའི་སྤུས་ཚད》དང《ས་གཤིས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགས2པའི་ཚད་གཞི་དང་མཐུན། 

དེ་ལས་གཞན། ཞིང་ཆེན་ཡོངས་ཀྱིས་རིགས་སོ་སོའི་ཉ་ལས་ཁྲིམས་འགལ་བྱ་སྤྱོད་ལ་རྒོལ་རྡུང་བཏང་བ་དང་། 2021ལོར་མཉམ་འབྲེལ་ཁྲིམས་ལུགས་ལག་བསྟར་བྱས་པ་དང་། ཆེད་སྤྱོད་ཁྲིམས་ལུགས་ལག་བསྟར་ཐེངས208གཙོ་གནད་ས་ཁུལ་གྱི་ཚོང་ར་ཐེངས1416ལ་བཅོས་སྐྱོང་བྱས། ཉ་རིགས་སྲུང་སྐྱོབ་མི་སྣ་གཙོར་བྱེད་པའི་འབྲི་ཆུའི་ཉ་འགོག་དྲ་མིག་ཅན་དོ་དམ་མ་ལག་སྒྲིག་འཛུགས་བྱས་པ་དང་། རྫོང་དང་ཤང་སྡེ་བ། ཉ་སྲུང་སྐྱོང་མི་སྣ་བཅས་རིམ་པ་བཞི་སྒྲིག་འཛུགས་བྱས་པ་དང་། འབྲི་ཆུའི་ཉ་འགོག་རོགས་སྒྲུབ་དཔུང་ཁག1310འཛུགས་སྐྲུན་བྱས་ནས། འབྲི་ཆུའི་བཞུར་ཁོངས་ཀྱི་མི་ཉུང་ཞིང་། ལྟ་སྐུལ་དོ་དམ་སྟོབས་ཤུགས་ཡོངས་སུ་ཁེབས་དཀའ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱས།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།