ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ཡུའེ་ཞ་ཡིས་ཁྱོན་ཡོངས་ནས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུའེ་ཞ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཁོ་མོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་བརྗོད་དོན་དང་དམ་དུ་འབྲེལ་ནས། ཁྱོན་ཡོངས་ནས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བདེ་བླག་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན།། 

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་འཕྲིན་ལས་དོན་འཕེལ་རྒྱས་སྐུལ་འདེད་ཐད་འདུ་ཤེས་གསར་བ་དང་འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་ནས། དྲ་རྒྱའི་ཆ་འཕྲིན་བྱ་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་དྲིས་ལན་བཏབ་སྟེ། དུས་རབས་གསར་བའི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་བྱ་བར་རྩ་བའི་བརྩི་སྲུང་དང་བྱེད་སྟངས་ཕྱོགས་སྟོན་མཁོ་འདོན་བྱས། དྲ་རྒྱའི་ཆ་འཕྲིན་སྡེ་ཁག་གིས་ཏན་ཏིག་གིས་སློབ་སྦྱོང་དང་། མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་གྱི་བསམ་བློའི་དྲག་ཆས་དང་། ལག་ལེན་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བཏང་། 

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། ན་ནིང་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཆ་འཕྲིན་སྡེ་ཁག་གིས་ཏང་བཙུགས་ནས་ལོ་འཁོར100ལོན་པ་དང་དམ་དུ་འབྲེལ་ཏེ། འགན་འཁྲི་ཕྲག་ཏུ་ལེན་པ་དང་དངོས་གཉེར་གསར་གཏོད་བྱས་པར། དྲ་རྒྱའི་ཆ་འཕྲིན་བྱ་བར་ཕན་འབྲས་ལེགས་པོ་ཐོབ། 

ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། 2022ལོའི་དྲ་འཕྲིན་བྱ་བས་ངེས་པར་དུ“སྤྱི་ཁྱོན་གཉིས”དང“རྒྱལ་དོན་གྱི་ཆེ་ཕྱོགས”ལ་རྐང་བཙུགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་བརྗོད་དོན་དང་དམ་དུ་འབྲེལ་ཏེ། རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན། འགན་ནུས་ལག་བསྟར། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་དྲ་རྒྱར་བཅོས་སྐྱོང་བྱས་ཏེ། ཉེན་ཁའི་འདུ་ཤེས་མཐོར་འདེགས་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཁྱོན་ཡོངས་ནས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མུ་མཐུད་དུ་དྲ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་ལེའུ་འབྲི་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།