ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2022ལོའི“ལས་ཞུགས་རོགས་འདེགས་ཟླ་བའི”ཆེད་སྤྱོད་བྱ་འགུལ་སྤེལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་གཏན་འཇགས་དང་། ལས་ཞུགས་འགན་སྲུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མུ་མཐུད་དུ“གཏན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལས་ཞུགས་ལ་ཤུགས་བསྣན་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་གྲུབ་འབྲས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ། ལུགས་རྙིང་དང་ལུགས་གསར་ལོ་སར་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“2022ལོའི་ལས་ཞུགས་རོགས་འདེགས་ཟླ་བའི”ཆེད་སྤྱོད་བྱ་འགུལ་སྤེལ། 

བྱ་འགུལ་གྱིས“ལས་ཞུགས་རོགས་འདེགས་དང་བརྩེ་བ་ཟབ་མོས་རོགས་སྐྱོར་བྱེད”ཅེས་པ་བརྗོད་དོན་དུ་བྱས་ཏེ། རང་ཞིང་གི་ལས་ཞུགས་དཀའ་ཁག་ཡོད་པའི་མི་སྣ་དང་དབང་བོ་སྐྱོན་ཅན་ལས་ཤོར་མི་སྣའི་ཐོ་འགོད། དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་གཙོ་གནད་ཚོགས་པ། དེ་མིན་ཡུལ་གཞན་དུ་གནས་སྤོར་བའི་བདེ་འགོད་ཁུལ་དང་། གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་ངལ་རྩོལ་ནུས་ཤུགས་བཅས་ལ་དམིགས་ནས། བྱེད་ཐབས་སྣ་མང་སྤྱད་དེ་རོགས་སྐྱོར་ཁ་གཏད་ཀྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལ་རྒྱུས་ལོན་དང་། རོགས་སྐྱོར་སྲིད་ཇུས་རེ་ཞུ་དང་། ལས་ཞུགས་ཞབས་ཞུའི་བྱེ་བྲག་གི་གོ་རིམ་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས། རོགས་སྐྱོར་ཞབས་ཞུ་ཁྱོན་ཡོངས་ནས་ཁེབས་པ་དང་། ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཤེས་སུ་འཇུག་པ་དང་མཉམ་སྤྱོད་བྱེད་པར་བརྩོན་ལེན་བྱས།

བྱ་འགུལ་གྱི་སྐབས་སུ། ས་གནས་སོ་སོས་ལས་ཞུགས་སྲིད་ཇུས་དང་རོགས་སྐྱོར་བྱེད་ཐབས་རྩིས་ཐོ་ཁྱབ་བསྒྲགས་སྒྲིག་འཛུགས་བྱས་ཏེ། མཁར་ཤང་གི་རིགས་སོ་སོའི་ངལ་རྩོལ་བའི་ལས་ཞུགས་ཀྱི་ལས་རྐང་བརྡ་འཕྲིན་བསྡུ་ལེན་བྱེད་པ་དང་། རང་འགུལ་སྒོས་ཞིང་སྡེ་དང་གཞིས་ཁུལ་དུ་སོང་ནས་འཚམས་འདྲི་དང་། དྲ་ཐོག་དང་ཡུལ་དངོས་ཀྱི་ཁྱད་ལྡན་བསྡུ་ལེན་བྱ་འགུལ་སྤེལ་ནས། གཅིག་བསྡུས་སྒོས“དྲོད་ཁོལ་སྐྱེལ་བ་དང་། ཞབས་ཞུ་སྐྱེལ་བ། ལས་རྐང་སྐྱེལ་བ། སྲིད་ཇུས་སྐྱེལ་བའི”བྱ་འགུལ་སྤེལ། ཁ་གཏད་རོགས་སྐྱོར་གྱི་ལས་ཞུགས་འདོད་བློ་དྲག་པོ་མེད་པ་དང་། རྩལ་ནུས་ཆུ་ཚད་མི་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། རིམ་པ་སོ་སོའི་སྤྱི་བའི་ལས་ཞུགས་ཞབས་ཞུ་སྟེགས་བུར་བརྟེན་ནས་ཁྱོན་ཡོངས་ནས་སྲིད་ཇུས་སྒྲོག་འགྲེལ་དང་། ལས་གནས་མཛུབ་སྟོན་བཅས་ལ་ཤུགས་བསྣོན། རོགས་སྐྱོར་ཁ་གཏད་ཀྱི་ཆེད་ལས་རྩལ་ནུས་གསོ་སྦྱོང་རྩ་འཛུགས་བྱས། ལས་ཞུགས་བརྡ་འཕྲིན་བསྡུ་ལེན་ལ་ཤུགས་བསྣན་ཏེ། སྤྱི་བའི་ལས་ཞུགས་ཞབས་ཞུ་དེ་ཚོང་རར་རྒྱུན་བསྲིང་ནས། དཀའ་ཁག་ཡོད་པའི་མང་ཚོགས་ལ་ལས་ཞུགས་གོ་སྐབས་མང་པོ་མཁོ་འདོན་བྱེད་པར་སྐུལ་འདེད་བཏང་། དུས་མཚུངས་སུ། ཆ་རྐྱེན་དང་མཐུན་པའི་ལས་ཁུངས་དང་མི་སྒེར་གྱིས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།