ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་ནས་མང་ཨེ་བར་གྱི་ཐད་གཏོང་མེ་འཁོར་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

src=http___nimg.ws.126.net__url=http%3A%2F%2Fdingyue.ws.126.net%2F2021%2F1020%2Fb9812088j00r19pq80022c000ku00b4c.jpg&thumbnail=650x2147483647&quality=80&type=jpg&refer=http___nimg.ws.126.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ཕྱིར་སྐྱོད་པར་སྟབས་བདེ་བཟོ་ཆེད། མང་ཨེ་གྲོང་ཁྱེར་གྱིས་ཐེངས་མང་པོར་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་དང་གྲོས་མོལ་བྱས་མཐར། ཟླ་དང་པོའི་ཚེས10ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་ནས་མང་ཨེ་གྲོང་ཁྱེར་བར་གྱི་ཐད་གཏོང་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཟི་ལིང་ནས་ན་གོར་མོའི་བར་གྱི་མེ་འཁོར་ཐེངསK9805/6གི་འཁོར་སྐྱོད་ཁུལ་དེ་མང་ཨེ་གྲོང་རྡལ་བར་ཇེ་རིང་དུ་བཏང་ཞིང་། ཟི་ལིང་ནས་མང་ཨེ་བར་གྱི་ཐད་གཏོང་མེ་འཁོར་ཤར་གཏོང་ཐུབ་པ་དེས་མཚོ་སྔོན་དང་ཞིན་ཅང་བར་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ཡོ་ཆས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།