མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་ཟི་ལིང་དུ་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་དང་། མཱ་ཝེ། ཉའོ་ཁྲུན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་སོགས་བསྡོམས་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན44གྲོས་ཚོགས་ལ་ཞུགས་ཤིང་། བཅའ་ཁྲིམས་ཀྱི་གཏན་འབེབས་མི་གྲངས་དང་མཐུན། ཀྲང་ཀོང་རོང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་མཇུག་སྡོམ་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ཀྱི་མི་དོན་ལས་དོན་ཁག་གི་གནས་ཚུལ་ཡར་ཞུ་སྐོར་ནས་གསལ་བཤད་བྱས་པ་དང་། ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་མཚམས་འཇོག་གྲོས་ཞིབ་བྱེད་པའི་གྲོས་གཞི་ཡར་ཞུ་སྐོར་ནས་གསལ་བཤད་བྱས་པར་མཉན། 

གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ(མ་ཡིག)དང། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ(འཆར་ཟིན)།》 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)》བཅས་ལ་གྲོས་འཆམ་བྱུང་། 

གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཚོགས་ཞུགས་མི་སྣའི་མིང་ཐོ་གཏན་ལ་ཕབ། 

གྲོས་ཚོགས་ཐོག་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་མཚམས་འཇོག་བྱེད་པའི་སྐོར་གྱི་གཏན་འབེབས་དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ》 ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ཐོག་འབྲེལ་ཡོད་མི་དོན་ལས་དོན་ཁག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ཐོག་ཞིང་ཆེན་མི་དམངས་ཉེན་རྟོག་ཁང་གི་ལས་ཚབ་ཉེན་རྟོག་དཔོན་སོགས་གསར་བསྐོས་མི་སྣར་བསྐོས་ཡིག་བསྩལ། 

འོས་བསྐོས་པས་ལས་ཁུར་སྔོན་གྱི་གཏམ་བཤད། 

གྲོས་ཚོགས་ཐོག་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། 

ཧྲིན་ཀྲང་གཞོན་པ་ལི་ཧུང་ཡ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་དཔོན་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་པ་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།