མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཚན་པའི་སྒྲིག་ཨུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཟི་ལིང་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཚན་པའི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གི《ཞིང་ཆེན་ཐད་གཏོགས་ལས་ཁུངས་ཚན་པའི་སྒྲིག་ཨུའི་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་བྱ་ཐབས་འགའ》(གཤམ་དུ《བྱ་ཐབས་འགའ》ཞེས་བསྡུ་རྒྱུ)ལག་བསྟར་དོན་འཁྱོལ་བྱེད་པར་བཀོད་སྒྲིག་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཚན་པ་སོ་སོའི་ལས་ཁུངས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི་དང་ཚན་པའི་ཏང་ཨུའི(ལས་ཁུངས་སྒྲིག་ཨུད་)འགན་ཁུར་བློ་མཐུན71ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང《བྱ་ཐབས་འགའ》ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་འགན་འཁྲི་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ལས་ཁུངས་ཀྱི་སྒྲིག་ཨུའི་ལྟ་སྐུལ་འགན་ལེན་ལག་བསྟར་དང་འཕེལ་རྒྱས་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་ནི་གཞི་རིམ་དུ་གཏིང་ཟབ་སྒོས་ཕྱོགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད་པར་བསྟན།

ཚོགས་འདུའི་སྟེང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས《བྱ་ཐབས་འགའ》ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཨུའི་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་པའི་ལམ་ལུགས་ཀྱི་གཞི་འཛིན་ས་དང་ལས་ཁུངས་ཀྱི་སྒྲིག་ཨུའི་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། 《བྱ་ཐབས་འགའ》ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་འགན་འཁྲི་དང་ལས་འགན་གཙོ་བོར་དམིགས་པ་དང་། འགན་འཁྲིའི་ངེས་གནས་ལ་དམ་པོར་དམིགས་པ།《བྱ་ཐབས་འགའ》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།《བྱ་ཐབས་འགའ》ཡི་བླང་བྱ་དང་བསྡུར་ནས་དུས་ལྟར་ཆད་ལུས་གསབ་བཤེར་བྱེད་པའི་བླང་བྱ་བཏོན་ནས། ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐྱོང་བའི་ཤུགས་ཆེ་རུ་གཏོང་བའི་ལས་དོན་ཁག་དངོས་སུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་སྟེང《བྱེད་ཐབས་འགའ》ལ་ཟུར་ཁྲིད་སློབ་སྦྱོང་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་སོགས་ལས་ཁུངས6གི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་བ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།