ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན་མཚོ་སྔོན་མུན་ཡོན་གྱི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པས། 2022ལོའི་ཟླ་དང་པོའི་ཚེས14ཉིན་ཟི་ལིང་ནས་མིན་ཡོན་ལ་སྐྱོད་པའི་མེ་འཁོརD8901དངD8903 D9915 D8905 དེ་མིན་མིན་ཡོན་ནས་ཟི་ལིང་ལ་སྐྱོད་པའི་མེ་འཁོརD8902དངD8904 D9916 D9918 D8906བཅས་གཏོང་མཚམས་འཇོག་རྒྱུ་རེད།
ལྕགས་ལམ་སྡེ་ཁག་གིས་རྒྱ་ཆེའི་འགྲུལ་པར་དྲན་སྐུལ་བྱས་དོན། ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མེ་འཁོར་ས་ཚིགས་ཀྱི་སྤྱི་བསྒྲགས་སམ་ཡང་ན12306བློ་འདྲི་བཅས་ལ་དོ་སྣང་བྱས་ཏེ། མེ་འཁོར་གྱི་སྤ་སེ་ཉོས་ཟིན་པའི་སྐུ་མགྲོན་གྱིས་ཉིན30ནང་རྒྱལ་ཡོངས་ཀྱིས་མེ་འཁོར་ས་ཚིགས་སོ་སོ་ནས་སྤ་སེ་ཕྱིར་སློག་བྱེད་པའི་སྐར་ཁུང་དང་རང་འགུལ་སྤ་སེ་ཕྱི་འཚོང་འཕྲུལ་ཆས། ཡང་ན12306སྐུད་ལམ་བརྒྱུད་དེ་རིན་མི་དགོས་པར་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་སྒྲུབ་ཆོག དེར་བརྟེན་ཁྱེད་རང་ཕྱིར་བསྐྱོད་སྐབས་སྟབས་མི་བདེ་བ་བཟོས་བྱུང་བས་ཁྱེད་ཀྱིས་དགོངས་དག་གནང་རོགས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མེ་འཁོར་གཏོང་མཚམས་འཇོག་པའི་སྤྱི་བསྒྲགས།