ཚེ་རིང་ཐར་གྱིས་མཚོ་ལྷོ་དང་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས10ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་། དེ་མིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་། ཐུན་རིན་གྲོང་ཁྱེར། གཅན་ཚ་རྫོང་སོགས་སུ་རྟོག་ཞིབ་བྱས་པ་དང་། རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་དང་སྣེ་ཁྲིད་ཁེ་ལས། གྲོང་གསེབ་ཐོན་ལས་འཁོར་ཁང་། ཡུལ་གཞན་གནས་སྤོར་བདེ་འགོད་བྱེད་ས། གྲོང་གསེབ་དར་སྤེལ་དཔེ་སྟོན་དང་རོང་འབྲོག་དུད་ཁྱིམ་དུ་སོང་ནས། དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་། ཞིང་སྡེ་ཐོན་ལས་ལས་བགོས། གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁུལ་དང་རྫོང་། ཤང་རིམ་པ་གསུམ་གྱི་ལས་བྱེད་པ་དང་བཞུགས་མོལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་བྱ་བར་འཆར་འགོད་བྱས། 

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ལྟར། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་ཡུན་རིང་བོའི་ནང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་ཐོག་མའི་ལས་འགན་དུ་བྱས་ནས་དོན་འཁྱོལ་བྱེད་དགོས། ལས་གཞིའི་མ་དངུལ་གཅིག་གྱུར་བྱེད་པ་དང་། ཅི་ཞིག་དཀོན་ན་དེ་ཁ་གསབ་བྱེད་པའི་རྩ་དོན་ལྟར། རྨང་གཞི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་མི་འདང་ས་ཁ་གསབ། ཡུལ་བབ་དང་བསྟུན་པ། ཚན་རིག་སྒོས་རིགས་དབྱེ། དཔེ་སྟོན་སྔོན་བསྐྱོད་དམ་འཛིན་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་དགོས། ཐོན་ལས་དར་རྒྱས་ལ་དམ་འཛིན་བྱས་ནས། ས་གནས་ཐོན་ཁུངས་ཀྱིས་གནང་བ་དང་ཐོན་ལས་རྨང་གཞི་དམ་འཛིན་བྱས་ནས། རོང་འབྲོག་དམངས་རྒྱ་ཆེར་ཞུགས་པ་དང་གྲོང་གསེབ་ཐོན་ལས་ལས་གཞི་ཡང་དག་པར་བདམས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་དམངས་ཀྱི་ཐོན་སྐྱེད་ཚོང་གཉེར་རང་བཞིན་གྱི་ཡོང་སྒོ་འཕར་སྣོན་གཏོང་དགོས། སྣེ་ཁྲིད་ཁེ་ལས་དེ་རོང་འབྲོག་དམངས་ཀྱི་ཐོན་ཁུངས་གསར་སྤེལ་ཁྲོད་ནང་འདྲེན་དང་གསོ་སྐྱོང་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་བྱེད་པ་དང་། རིགས་སོ་སོའི་འགལ་བ་ཐག་གཅོད་དང་རྩད་ཞིབ་བྱེད་པ་དང་། རོང་འབྲོག་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲ་བརྟན་དུ་བཏང་སྟེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་། ཞིང་ཆེན་སྐབས་བཅུ་བཞི་བའི་ཏང་གི་འཐུས་མི་ཚོགས་ཆེན་བདེ་བླག་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།