ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཅེ་ཞང་གིས་མིན་ཡོན“1·08”ཀྱི་ཚད་རིམ6.9ཡི་ས་འགུལ་གནོད་འཚེའི་ཞིབ་བཤེར་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་གནོད་སེལ་རྒུབ་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལི་ཅེ་ཞང་མཚོ་བྱང་ཁུལ་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་ཤང་དང་གྲོང་རྡལ་དུ་སོང་ནས་མིན་ཡོན“1·08”ཀྱི་ཚད་རིམ6.9ཡི་ས་འགུལ་གནོད་འཚེའི་ཐག་གཅོད་དང་གནོད་འཚེའི་གནས་ཚུལ་ཞིབ་བཤེར་བྱ་བར་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་བསྡུས་ཏེ་གཙོ་གནད་བྱ་བའི་ལས་འགན་ལ་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འགོག་གནོད་སེལ་གཞུང་ལུགས་ཞིབ་བརྗོད་བྱས་པ་དང་། ཏན་ཏིག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་གནོད་སེལ་རྒུབ་སྐྱོབ་བྱ་བའི་བླང་བྱ་ལྟར། བྱ་བའི་བྱེད་ཐབས་ཞིབ་ཚགས་དོན་འཁྱོལ་དང་གནོད་འཚེའི་གྱོང་གུད་ཞིབ་བཤེར་བྱས་ཏེ། ཁྱོན་ཡོངས་ནས་གནོད་སེལ་རྒུབ་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རྨང་གཞི་བརྟན་པོ་བཏང་། 

ལི་ཅེ་ཞང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མི་དམངས་དང་པོར་འཇོག་པ་དང་ཚེ་སྲོག་དང་པོར་བཞག་ནས། བྱ་བའི་འགན་འཁྲི་ནན་མོས། ལས་བགོས་འགན་འཁྲི་གསལ་བོར་བྱས་ནས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་བདེ་འགོད་དམ་འཛིན་དང་། རྨང་གཞི་སྒྲིག་ཆས་སླར་གསོ། བསྐྱར་བྱུང་གནོད་འཚེ་འགོག་བཅོས། བདེ་འཇགས་ཐོན་སྐྱེད། རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བ་སོ་སོ་དམ་འཛིན་བྱས་ཏེ། གནོད་ཁུལ་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་དང་དུས་ཆེན་རོལ་བར་ཁག་ཐེག་བྱེད་དགོས། ཁྱོན་ཡོངས་ནས་སྨན་ཁང་དང་སློབ་གྲྭ སྦུག་དྲ། ཟམ་པ་སོགས་རྨང་གཞི་སྒྲིག་ཆས་གལ་ཆེན་གྱི་ཉེན་ཁར་རྩད་ཞིབ་བྱེད་པ་དང་། རླངས་འདོན་དང་ཆུ་འདོན། དྲོད་འདོན། བཙོག་ཕུད་སོགས་ས་འོག་བཟོ་སྐྲུན་ལ་རྩད་ཞིབ་བྱས་ཏེ། གནོད་ཁུལ་གྱི་ས་གཤིས་ཁོར་ཡུག་གི་གཏན་འཇགས་རང་བཞིན་དང་། ཆུ་དང་ས་གཤིས་ཁོར་ཡུག  སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཤུགས་རྐྱེན་གྱི་གནད་འཁེལ་དཔྱད་འཇོག་ལ་ཤུགས་བསྣན་ནས། བདེ་འཇགས་བརྟན་སྲུང་བྱེད་དགོས། ཞིང་ཆེན་དང་ཁུལ། རྫོང་དང་ཤང་སྡེ་བ་རིམ་པ་ལྔ་ཡི་གནོད་འཚེའི་གྱོང་གུད་གནས་ཚུལ་སྒྲིག་གཞི་དོན་འཁྱོལ་དང་། འབྲེལ་ཡོད་གཏན་འཁེལ་དང་གོ་རིམ་ལྟར། ཚན་རྩལ་གཞོགས་འདེགས་ཞིབ་བཤེར་ལ་བརྟེན་པ་དང་། མང་ཚོགས་ཀྱི་ཞིབ་བཤེར་ལ་བརྟེན་པ། ཁྲིམས་སྲོལ་སྒྲིག་སྲོལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཆེད་མཁས་དཔྱད་འཇོག་གནད་འཁེལ་ཞིབ་བཤེར་གྱིས། ཡང་དག་པ་དང་ཁྱོན་ཡོངས་ནས་གནོད་འཚེའི་ཡོངས་ཁྱབ་ཞིབ་བཤེར་དཔྱད་འཇོག་བྱས་ནས། ཚན་རིག་རྩ་འཛུགས་དང་གཅིག་གྱུར་འཆར་འགོད། གོ་རིམ་ལྡན་པའི་ངང་གནོད་ཤུལ་བསྐྱར་སྐྲུན་ལ་གཞོགས་འདེགས་མཁོ་འདོན་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།