ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་རྫོང་དང་ཆུས4རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ལས་ཁུངས་སུ་བདམས་པ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡིསཧི་པེ་ཞིང་ཆེན་ཆིན་ཧི་རྫོང་སོགས་ས་ཁུལ171ལ་རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ལས་ཁུངས་གི་མཚན་སྙན་བསྩལ་བའི་སྐོར་གྱི་ཐག་གཅོདདཔར་འགྲེམ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་དང་སྟོང་སྐོར་རྫོང་། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་། མཚོ་ལྷོ་ཁུལ་གྱི་ཞིན་ཧེ་རྫོང་བཅས་རྫོང་དང་ཆུས4ལ་རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ལས་ཁུངས་སུ་བདམས།

རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ལས་ཁུངས་ནི2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙང་སེལ་དཔྱད་བསྡུར་གཟེངས་བསྟོད་བྱ་འགུལ་སྤེལ་བའི་ཚུན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡིས་སོར་འཇོག་བྱས་པའི་གཟེངས་བསྟོད་རྣམ་གྲངས་གཅིག་པུ་ཡིན་ལ། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་འཕེལ་རྒྱས་གྲུབ་འབྲས་འབུར་ཐོན་དང་དཔེ་མཚོན་གྱི་སྣེ་ཁྲིད་བྱེད་ནུས་ལྡན་པའི་ས་ཁུལ་ལ་གཟེངས་བསྟོད་བྱེད་པ་བརྒྱུད། དེའི་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་གཞི་རིམ་གསོ་རིག་སྨན་རྫས་ལས་དོན་འཕེལ་རྒྱས་ལ་ཐུན་མོང་ངང་ཞུགས་པ་དང་རོགས་འདེགས་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་པར་བྱེད་པ་དེ་ཡིན།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ལས་ཁུངས་གསར་འཛུགས་བྱེད་པ་གོ་སྐབས་སུ་བཟུང་སྟེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ནོར་སྲིད་ཀྱི་གཏོང་ཤུགས་ཇེ་ཆེར་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཡོད། མིག་སྔར། མཚོ་སྔོན་གྱིས་བསྡོམས་པས་རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ལས་ཁུངས10གསར་འཛུགས་བྱས་ཡོད་པ་དང་། དེ་དག་ནི་སོ་སོར་ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཆུས་དང་མཁར་དཀྱིལ་ཆུས། སྟོང་སྐོར་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ཕིན་ཨན་ཆུས་དང་ལི་ཏུའུ་ཆུས། ཧུའུ་ཀྲུའུ་རྫོང་། མཚོ་ལྷོ་ཁུལ་གྱི་ཀོས་ནན་རྫོང་དང་ཞིན་ཧེ་རྫོང་། རྨ་ལྷོ་ཁུལ་གྱི་ཧི་ནན་རྫོང་དང་རྩེ་ཁོག་རྫོང་བཅས་ཡིན། རྗེས་མར། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་སྒྲུབ་ཤུགས་ཇེ་ཆེར་བཏང་ནས་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། གཞི་རིམ་མང་ཚོགས་ལ་སྔར་བས་སྤུས་ལེགས་ཤིང་སྟབས་བདེ་བའི་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།