ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས་གྱ་བདུན་པ་ཟི་ལིང་ནས་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་ཝེ་དང་ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏུ། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་མི་དོན་ལས་དོན་ཁག་གི་གསལ་བཤད་ལ་མཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ(མ་ཡིག)དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་སྐོར་གྱི་གྲོས་རིམ(འཆར་ཟིན)། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར(ཡིག་ཐོག་སྙན་ཞུ)། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཟུར་ཞུགས་མི་སྣའི་མིང་ཐོ(འཆར་ཟིན)དང་དེ་མིན་མི་དོན་བསྐོ་འཐེན་གྲོས་གཞི་སྐོར་གྱི་ཡར་ཞུ་བཅས་ལ་མཉན་པར་མ་ཟད། ཀྲུའུ་རེན་གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པར་སྤྲད་ནས་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་ལ་བཟོ་བཅོས་དང་ལག་བསྟར་བྱེད་མཚམས་འཇོག་པའི་གྲོས་གཞ》ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་མཉན་པ་དང་། ཀྲུའུ་རེན་གྲོས་ཚོགས་ནས་བཟོ་བཅོས་དང་ལག་བསྟར་བྱེད་མཚམས་འཇོག་པའི་ཁྲིམས་སྲོལ་འཆར་ཟིན་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)སྐོར་གྱི་ཡར་ཞུ་ལ་མཉན་པ་དང་། ཀྲུའུ་རེན་གྲོས་ཚོགས་ནས་ཉིན་རེའི་གྲོས་རིམ་འཆར་ཟིན་འདི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་ཉེར་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་གྲོས་འཆམ་བྱུང་བར་རེ་འདུན་ཞུ་བར་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མིང་ཐོ(འཆར་ཟིན)དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་མིང་ཐོ(འཆར་ཟིན)ལ་གྲོས་བསྡུར་བྱས་ཤིང་། ཀྲུའུ་རེན་གྲོས་ཚོགས་ཐོག་མིང་ཐོའི་འཆར་ཟིན་འདི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐོག་འོས་སྦྱོར་ལ་འདེམ་པར་རྩ་དོན་ཐོག་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་དྲུང་ཡིག་ཆེན་མོ་གཞོན་པའི་འདེམ་བསྐོའི་མིང་ཐོ(འཆར་ཟིན)དང་ལས་བགོ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཡུན་སྐོར་གྱི་ཆོད་དོན(འཆར་ཟིན)། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་བརྡས་ཐག་གཅོད་པའི་གྲོས་གཞིའི་བྱེད་ཐབས(འཆར་ཟིན)བཅས་ལ་གྲོས་བསྡུར་བྱས་ཤིང་། ཀྲུའུ་རེན་གྲོས་ཚོགས་ཐོག་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོས་བརྡས་ཐག་གཅོད་པར་རྩ་དོན་ཐོག་གྲོས་འཆམ་བྱུང་། གྲོས་ཚོགས་ཐོག་ཞེང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བདུན་པའི་གནས་སྐབས་ཏང་ཙུའུ་མིང་ཐོ(འཆར་ཟིན)དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་སྟེགས་བུར་བཞུགས་གནས་མིང་ཐོ(འཆར་ཟིན)གཉིས་ལ་གྲོས་བསྡུར་བྱས་ཤིང་། ཀྲུའུ་རེན་གྲོས་ཚོགས་ཐོག་མིང་ཐོ་འདིར་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་གྲ་སྒྲིག་བྱ་བ་སྔོན་ལ་ལེགས་པར་སྒྲུབ་དགོས་པར་ཐག་བཅད།  །

རྩོམ་སྒྲིག་པ། : གསང་བདག་རྒྱལ།