ཀྲུང་གོ་བོད་ཀྱི་དྲ་བ།

ས་ཡོམ་རིམ་པ5.2དེ་མིན་ཡོན་རྫོང་དུ་ས་ཡོམ་རིམ་པ6.9བྱུང་བའི་ཡོམ་འཕྲོ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་ལྟར་ན། ཟླ་དང་པོའི་ཚེས12ཉིན་གྱི་ཆུ་ཚོད18དང་སྐར་མ་20སྟེང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ5.2བྱུང་བ་དང་།ཡོམ་ཁུངས་ལ་གཏིང་ཚད་སྟོང་སྨི10ཟིན་པ་དང་། ཡོམ་ལྟེ་ནི་བྱང་འཕྲེད་ཐིག་ཏུའུ37.69དང་ཤར་གཞུང་ཏུའུ101.49བཅས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཡོམ་ལྟེ་སྤྱི་ལེ5ཡི་ཁྱབ་ཁོངས་སུ་མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་སྨི་4598་སླེབས་ཡོད་པ་དང་། ཡོམ་ལྟེ་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དབར་སྤྱི་ལེ35ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མ་ཡུས་ཧུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་རིམ་པ5.2བྱུང་བ་ནི་མཚོ་སྔོན་ཞིང་ཆེན་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ6.9བྱུང་རྗེས་ཀྱི་ཡོམ་འཕྲོ་ཡིན་པ་དང་། ཡོམ་འཕྲོའི་ཁུལ་གྱི་ཤར་རྒྱུད་དུ་བྱུང་བ་དང་། ས་ཡོམ་གཙོ་བོ་བྱུང་སའི་དབར་སྤྱི་ལེ22ཡོད། དེ་ནི་རྒྱུན་ལྡན་གྱི་འཕེལ་འགྲིབ་བྱེད་སྒོ་ཞིག་ཡིན་ལ། ཆེད་མཁས་པས་ས་ཡོམ་གྱི་འཕེལ་ཕྱོགས་ཞིབ་འཇུག་དང་བརྡར་ཤ་གཅོད་པའི་ཁྲོད་སྔོན་དཔག་བྱས་པའི་ས་ཡོམ་ཐེངས་ཤིག་ཡིན་ལ། སྔོན་མའི་ས་ཡོམ་གྱི་གོ་རིམ་དང་འདྲ་བར་ཀླུ་ལུང་ཉག་གའི་གས་སྲུབས་ས་རྒྱུད་དུ་བྱུང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མིན་ཡོན་རྫོང་དུ་ཡོམ་ཚོར་ཆེན་པོ་བྱུང་ཞིང་། ཟི་ལིང་གྲོང་ཁྱེར་གྱི་མཐོ་བརྩེགས་དུད་ཁྱིམ་ཚང་མར་ཡོམ་ཚོར་ཡོད། ཆེད་མཁས་པས་ཕྱོགས་བསྡུས་ཞིབ་འཇུག་བྱས་པ་བརྒྱུད། ཉེ་བའི་ཉིན་འགའི་རིང་ཡོམ་འཕྲོ་བྱུང་བའི་བྱེད་སྒོའི་ཚད་རིམ5ནས6བར་ཡིན་པ་དང་། དེས་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོ་མི་སྲིད་པས། རྒྱ་ཆེའི་གྲོང་མི་ཚོས་རྒྱུན་ལྡན་གྱི་བྱ་བ་དང་ཐོན་སྐྱེད་འཚོ་བར་རོལ་ཆོག

རྒྱ་ཆེའི་གྲོང་མི་ཚོར་དྲན་སྐུལ་བྱས་དོན། ས་ཡོམ་བྱུང་རྗེས་དངངས་སྐྲག་མི་བྱེད་པར་སེམས་ལ་འཛིན་དགོས་པ་ཞིག་ནི་ཉེ་བའི་ས་ཡོམ་ནི་རྟག་ཏུ་ཡམ་ཡོམ་བྱེད་པ་དང་རྗེས་སུ་བྱུང་བའི་ས་ཡོམ་ནི་གཡས་གཡོན་དུ་ཡམ་ཡོམ་བྱེད་ཀྱིན་ཡོད་པས། དུས་ཚོད་དམ་འཛིན་གྱིས་ས་ཡོམ་འགོག་གཡོལ་དགོས་པ་དང་དུས་ཚོད་འགོར་འགྱངས་བྱེད་མི་རུང་། ས་ཡོམ་ཐག་རིང་དུ་བྱུང་དུས་ཡམ་ཡོམ་གྱི་ཚོར་སྣང་བྱུང་མི་སྲིད་ལ། གཙོ་བོར་གཡས་གཡོན་དུ་འཁྱོར་བ་ཡིན་པས་ཡོམ་གཡོལ་བྱེད་མི་དགོས། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།