མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་ཚོད་ལྟའི་གནས་ཐོག་མའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་མཆན་འགོད་བཀའ་ལན་བསློགས་ནས་བཙུགས་པའི་ཚོད་ལྟ་ཁང་ཚོད་ལྟའི་གནས་ཐོག་མ་སྟེ། མཚོ་བོད་མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་དང་བེད་སྤྱོད་ཚོད་ལྟ་ཁང་མཚོ་སྔོན་སློབ་ཆེན་དུ་སྒོ་བྱང་བཀལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་སོན་རྒྱུའི་ཐོན་ཁུངས་ཚོད་ལྟ་ཁང་གི་ཀྲུའུ་རེན་ཏུའུ་ཏུ་ཀྲི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། 

མཚོ་བོད་མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་དང་བེད་སྤྱོད་ཚོད་ལྟ་ཁང་ནི་མཚོ་སྔོན་སློབ་ཆེན་དང་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་མི་རིགས་སློབ་ཆེན་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དགེ་མཚན་ལྡན་པའི་ལས་ཁུངས་ཀྱིས་གྲུབ་ཅིང་། དེ་ནི་རང་ཞིང་གིས་སོན་ལས་རྒྱལ་ཁབ་འཐབ་ཇུས་ནང་ཧུར་ཐག་གིས་འདྲེས་སུ་འཇུག་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། “དམིགས་བསལ་གཅིག་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་དང་། གསར་གཏོད་སྒུལ་ནུས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་གསར་གཏོད་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་པ་བཅས་བྱས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། ཚོད་ལྟ་ཁང་གིས“སྒོ་འབྱེད་དང་འཁོར་རྒྱུག མཉམ་འབྲེལ། འགྲན་རྩོད”བཅས་ཀྱི་གཉེར་སྐྱོང་དོ་དམ་བྱེད་ཕྱོགས་ཧུར་ཐག་གིས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཐོ་སྒང་གི་སོན་རྒྱུའི་ཐོན་ཁོངས་ཞིབ་འཇུག་དང་བེད་སྤྱོད་ལག་རྩལ་པར་ཅུང་ཆ་ཚང་བའི་རིག་གཞུང་བརྗེ་རེས་དང་ཞིབ་འཇུག་གི་ཆ་རྐྱེན་འདོན་སྤྲོད་བྱ་རྒྱུ་རེད། འཇོན་མི་གསོ་སྐྱོང་གི་ཐད་ནས། སྣ་འདུས་ཤེས་བྱའི་སྒྲིག་གཞི་ཅན་གྱི་གསར་གཏོད་རང་བཞིན་གྱི་ཕུལ་བྱུང་ཞིབ་འཇུག་འཇོན་མི་ནང་འདྲེན་དང་གསོ་སྐྱོང་ལ་མཐོང་ཆེན་བྱ་རྒྱུ་ཡིན་པ་དང་། ཕྱི་ཕྱོགས་མཉམ་ལས་ཐད་ནས། རྒྱལ་ཁབ་ཕྱི་ནང་གི་སློབ་སྒྲུབ་ཞིབ་འཇུག་ལས་ཁུངས་གྲགས་ཅན་དང་མཉམ་ལས་བྱེད་པ་སྔར་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བར་མཐོང་ཆེན་བྱ་རྒྱུ་ཡིན་ལ། ཞིབ་འཇུག་གསར་སྤེལ་ཐད་ནས། རྨང་གཞི་ཞིབ་འཇུག་དང་བེད་སྤྱོད་ཞིབ་འཇུག་ཟུང་འབྲེལ་ལ་མཐོང་ཆེན་བྱས་ནས། རིག་ཚན་སྣོལ་བར་སྐུལ་འདེད་དང་། འདུས་རྡུལ་གསོ་སྐྱོང་རྒྱུད་འཛིན་ཁྱབ་ཁོངས་ནས་ཐོག་མར་ཐོད་བརྒལ་བྱེད་པར་སྐུལ་བ། གནས་གཅིག་ཁྱོན་འཁྲིད་ཅིང་། འཕེལ་རྒྱས་ཀྱི་སྣེ་ཁྲིད་རྒྱུ་རེད། ཚོད་ལྟ་ཁང་བཙུགས་ནས་རང་རྒྱལ་གྱི་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་དང་བེད་སྤྱོད་ཀྱི་མཐོ་སར་འགྱུར་བར་བརྩོན་ཏེ། རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་སྐྲུན་ཆེད་བྱས་རྗེས་གལ་ཆེན་འཇོག་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།