མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ(གླིང)གཙོའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ(གླིང)གཙོའི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་(གླིང)གཙོ་ཡན་པའེ་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཡན་པའེ་ཡིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། སྒྱུར་བཅོས་གསར་གཏོད་བྱས་ཏེ་བྱ་གཞག་ཁག་མྱུར་ཏུ་འཕེལ་རྒྱས་བྱུང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ལྔ་ཡིན་ལ། ཏང་གི་སློབ་གྲྭས་སྤྱི་ཡོངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སློབ་གཉེར་སློབ་སྐྱོང་གི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས་ཆབ་སྲིད་ཀྱི་མཐོ་ཚད་དང་། འཐབ་ཇུས་ཀྱི་ཟུར་ཚད། ལོ་རྒྱུས་ཀྱི་ཟུར་ཚད་བཅས་ནས་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་བྱ་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆོས་ཉིད་ལ་དམ་འཛིན་བྱེད་པ། དྲང་བདེན་སྒོས་གསར་གཏོད་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་ཇུས་གཞི་གསར་པ་གཏོད་དགོས། ཁོང་གིས་ཆབ་སྲིད་ལ་བརྟེན་ནས་སློབ་གྲྭ་འཛུགས་པ་མཐའ་འཁྱོངས་དང་། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་བློ་ལ་བརྟན་པོར་འཛིན་པ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱེད་དགོས། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་པ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་སློབ་ཚན་གཙོ་བོར་དམ་འཛིན་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་ལ་ཆ་ཚང་བའི་སློབ་ཚན་གྱི་མ་ལག་འཛུགས་པ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཚན་ཞིབ་ལ་བརྟེན་ནས་སློབ་གྲྭ་དར་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ་འཐབ་སའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྤེལ་རེས་མཉམ་ལས་ལ་མཐོང་ཆེན་བྱས་ཏེ་རིག་མཛོད་གསར་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཤེས་ལྡན་མི་སྣའི་སློབ་གྲྭ་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་ཀྱིས་ཁྱོན་ཡོངས་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་། གསོ་སྐྱོང་། བེད་སྤྱོད་བཅས་བྱས་ཏེ་ཕུལ་བྱུང་དགེ་རྒན་གྱི་དཔུང་ཁག་འཛུགས་དགོས། ཁྱད་ཆོས་ལྡན་པའི་སློབ་གྲྭ་སྐྱོང་བ་མཐའ་འཁྱོངས་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཁྱད་ཆོས་ལྡན་པའི་ཆེད་དོན་གསར་སྤེལ་དང་། ལག་ལེན་གསོ་སྦྱོང་ལ་སྐུལ་འདེད། འགྲན་རྩོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭའི་རྩ་འཛུགས་སྒྱུར་བཅོས་མཐའ་འཁྱོངས་བྱས་ནས་སློབ་ཁྲིད་དང་། ཚན་ཞིབ། དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། སློབ་གྲྭ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་དང་། རྒྱུན་འཁྱོངས་ལྷོད་མེད། དམ་འཛིན་ལྷོད་མེད་བཅས་བྱས་ནས་སློབ་གྲྭའི་དར་སྲོལ་བཟང་པོ་དང་སློབ་སྲོལ་བཟང་པོ་འཛུགས་སྐྱོང་བྱེད་དགོས། མཐུན་སྦྱོར་སྒོས་སློབ་གྲྭ་སྐྱོང་བ་མཐའ་འཁྱོངས་ཀྱིས་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་དང་། སྤུས་ཚད་དཔྱད་དཔོག་གཏིང་ཟབ་ཏུ་བཏང་སྟེ་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་ཞབས་འདེགས་ཞུ་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།