ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ནས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་གྱི་དངོས་ཟོག་ཁག་དང་པོ་བདེ་བླག་ངང་ནེ་པ་ལར་འབྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཟི་ལིང་འཁོར་དོན་ཁུལ་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་གྱི་མཚོ་ཤརབོད་ལྗོངས་ཀྱི་གཞིས་ཀ་རྩེནེ་པ་ལའི”གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་ཚོང་དོན་དུས་གཏན་མེ་འཁོར་གྱིས་ཐོག་མར་སྐྱེལ་འདྲེན་བྱས་པའི་དངོས་ཟོག་ཟླ1པོའི་ཚེས9ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་བདེ་བླག་ངང་འབྱོར།

ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེ2021ལོའི་ཟླ12པའི་ཚེས15ཉིན། རང་རེའི་ཞིང་ཆེན་གྱི་ཕིན་ཨན་འབབ་ཚིགས་ཀྱི་ལྕགས་ལམ་དངོས་ཟོག་སྐྱེལ་འདྲེན་བྱ་ཡུལ་ནས་ལས་ལ་ཆས་ཏེ། ཉིན་ལྔར་ལྕགས་ལམ་བརྒྱུད་ནས་སྐྱེལ་འདྲེན་བྱས་རྗེས་ཀྱི2021ལོའི་ཟླ12པའི་ཚེས20ཉིན། བོད་ལྗོངས་གཞིས་ཀ་རྩེར་འབྱོར་བ་དང་། དེ་ནས་གཞུང་ལམ་བརྒྱུད་ནས་ནེ་པ་ལའི་མངའ་ཁོངས་སུ་བསྐྱོད་པར་ལམ་ཐག་ཧྲིལ་པོར་སྤྱི་ལེ2800ཙམ་ཡོད། ད་ཐེངས་ཀྱི་དུས་གཏན་མེ་འཁོར་ལ་ཁྱོན་དུམ་མཚམས30ཡོད་ཅིང་། གྱོན་ཆས་དང་། ཞྭ་ལྷམ། རྒྱུན་མཁོའི་དངོས་རྫས། ཞིང་ཞོར་ཐོན་རྫས་སོགས་རིན་གོང་ཨ་སྒོར་ཁྲི180ཟིན་པའི་ཚོང་ཟོག་སྐྱེལ་འདྲེན་བྱས་ཡོད། ཤེས་གསལ་ལྟར་ན། སྐྱེལ་འདྲེན་དངོས་ཟོག་ཁག་གཅིག་ཁག་བགོས་ཀྱིས་བསྟུད་མར་འགག་སྒྲོལ་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ1པོའི་ཚེས15ཉིན་གྱི་སྔོན་ལ་ཚང་མ་ནེ་པ་ལར་འབྱོར་རྒྱུ་རེད།

དེའི་ཐད་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཟི་ལིང་འཁོར་དོན་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་མཉམ་འབྲེལ་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ལས་ཁུངས་ཡིན་པའི་ངོས་ནས། རྒྱལ་སྤྱིའི་མཉམ་འབྲེལ་དངོས་ཟོག་སྐྱེལ་འདྲེན་དེ་དངོས་ཟོག་སྐྱེལ་འདྲེན་གྱི་གཙོ་གནད་བྱ་བའི་ནང་བཅུག་ནས། སྐྱེལ་འདྲེན་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་འགན་ལེན་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། ས་མཐོའི་ལྕགས་ལམ་སྐྱེལ་འདྲེན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་བཅས་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།