ཀྲུང་གོ་བོད་ཀྱི་དྲ་བ།

ན་གཞོན་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་གློག་བརྙན་བརྩམས་ཆོས༼ཉི་ཤར༽ལ་བྱ་དགའ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG1503.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་གྱི་ན་གཞོན་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་གློག་བརྙན་རྣམ་གྲངས《ཉི་ཤར》ཞེས་པ2021ལོའི་ཀྲུང་གོའི་ཅིས་ནན་གྲོང་ཁྱེར་ཝོའུ་ཐེན་མིན་ན་གཞོན་གློག་བརྙན་མཐོ་རིམ་གྲོས་ཚོགས་སྟེང་།“ཆེས་ལེགས་པའི་ན་གཞོན་འཁྲབ་ཁྲིད་པའི་གློག་བརྙན་རྣམ་གྲངས”ཞེས་པའི་མཚན་སྙན་ཐོབ་པ་རེད། 

2021ལོའི་ཀྲུང་གོའི་ཅིས་ནན་ཝོའུ་ཐེན་མིན་ན་གཞོན་གློག་བརྙན་མཐོ་རིམ་གྲོས་ཚོགས་དེ2022ལོའི་ཟླ་དང་པོའི་ཚེས2ཉིན་ནས་ཚེས7ཉིན་བར་ལ་ཅིས་ནན་གྲོང་ཁྱེར་ནས་བསྡུས། ཐེངས་འདིའི་ཀྲུང་གོའི་ཅིས་ནན་ཝོའུ་ཐེན་མིན་ན་གཞོན་གློག་བརྙན་མཐོ་རིམ་གྲོས་ཚོགས་ལ་གློག་བརྙན་ལས་གཞི400ལྷག་འབྱོར་ཡོད་ཅིང་། ཀྲུང་གོའི་གློག་བརྙན་ལས་རིགས་ཁྲོད་དབང་གྲགས་ལྡན་པའི་ཆེད་མཁས་པས་གྲུབ་པའི་དཔྱད་འདེམ་པས་དཔྱད་འདེམ་ནན་མོ་བྱས་པ་བརྒྱུད། ཟི་ལིང་དུས་རབས་ལས་རིགས་སློབ་གྲྭའི་དགེ་རྒན། ན་གཞོན་འཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་གློག་བརྙན་རྣམ་གྲངས《ཉི་ཤར》ལ།“ཆེས་ལེགས་པའི་ན་གཞོན་འཁྲབ་ཁྲིད་པའི་གློག་བརྙན་ལས་གཞིའི”མཚན་སྙན་ཐོབ་ཡོད་པ་རེད། 

གློག་བརྙན《ཉི་ཤར》ལས་རྟ་ཚེ་ཐར་གཏོང་བའི་དོན་དག་ཕྲན་བུ་ཞིག་བརྒྱུད་ནས་གཞོན་ནུ་ཕོ་མོ་ཞིག་གི་བརྩེ་དུང་ལ་རྙོག་ཟིང་ཤོར་བའི་གཏམ་རྒྱུད་བརྗོད་པ་བརྒྱུད་ནས། བཞུད་སོང་བའི་སྲོལ་རྒྱུན་དང་དེང་རབས་གྱི་རིག་གནས་ལས་འཕྲད་པའི་བསམ་གཞིགས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།