མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ1པོའི་ཚེས10ཉིན་ནས་ཚེས11ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཚོགས་འདུར་ཞུགས་པ་དང་། ཏང་ཙུའུ་ཁོངས་མི་མིན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་ཞུགས་བྱས། ཞིང་ཆེན་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་ཐོག་ཏུ་ཞུགས་ནས་མཛུབ་སྟོན་བྱས། 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པར་མཐོང་ཆེན་བྱེད་བཞིན་ཡོད། ཚོགས་འདུའི་ཡར་སྔོན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སློབ་སྦྱོང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་བསྡོམས་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་རྩ་འཛུགས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་བསྡོམས་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་སྒྲིག་ལ་བལྟས་པ་དང་། གླེང་མོལ་བྱ་བ་ཏན་ཏིག་གིས་སྤེལ་ནས། བསམ་འཆར་བསྡུ་ལེན་བྱས་པ་དང་། ནན་ཏན་གྱིས་ཞིབ་བཤེར་རྒྱུ་ཆ་བྲིས་ནས། སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བར་གྲ་སྒྲིག་གང་ལེགས་བྱས། ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་གནས་ཚུལ་དང་། 2020ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གནད་དོན་བཅོས་སྐྱོང་དོན་འཁྱོལ་གནས་ཚུལ་ཡོངས་བསྒྲགས་བྱས། ཀྲང་ཀོང་རོང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་རྩ་འཛུགས་ཀྱི་ཚབ་བྱས་ཏེ་ཞིབ་བཤེར་བྱ་བ་ཕུལ་བ་མ་ཟད། སྣེ་ཁྲིད་དེ་གཏམ་བཤད་ཅིང་རང་འགུལ་སྒོས་སྐྱོན་ཆ་དང་ལེན་བྱས། ཏང་ཙུའུ་ཁོངས་མི་སོ་སོས་རེ་རེ་བཞིན་མི་སྒེར་གྱི་ཞིབ་བཤེར་བྱ་བ་ཕུལ་བ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས། ཚང་མས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དེས་བསམ་བློ་བརྗེ་རེས་དང་།མཐུན་སྒྲིལ་ཡར་སྐུལ་བྱས་པ་མ་ཟད། གནད་དོན་ལ་ཕྱོགས་སྟོན་དང་ཁ་ཕྱོགས་ལེགས་བཅོས་གསལ་སྟོན་གནང་ཡོད་པ་དང་། བསམ་བློར་བྱབས་ཁྲུས་ཐེངས་ཤིག་དང་ཏང་གཤིས་སློབ་གསོ་ཐེངས་ཤིག་བྱས་པལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོས་བླངས་པའི་བསམ་བློ་དང་ལག་ལེན་གྲུབ་འབྲས་མངོན་ཞིང་སྔོན་དཔག་གི་དམིགས་ཚད་ལ་སླེབས་ཡོད་པའི་བསམ་ཚུལ་བསྟན།

ཀྲང་ཀོང་རོང་གིས་མུ་མཐུད་དུ་བསམ་བློའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་ལག་ལེན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོར་བཟུང་ནས། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས། “ངེས་གཏན་གཉིས”ཀྱི་ཆབ་སྲིད་བླང་བྱ་དེ་དམངས་ཆེན་བྱ་བ་དང་ལས་ཁུངས་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོར་འབྲེལ་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོག་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། ལག་ལེན་གྱི་གོ་རིམ་ཧྲིལ་བོའི་ནང་དམངས་གཙོ་ལག་ལེན་དང་དམངས་ཆེན་སྒྲིག་སྲོལ་དེ་མི་དམངས་ཀྱི་སེམས་སུ་ཟུག་པར་བྱས་ཏེ། འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོའི་ནང་གི་མི་དམངས་དམངས་གཙོའི་སྲུང་སྐྱོང་མཁན་དང་སྐུལ་འདེད་མཁན། ལག་ལེན་མཁན་དུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།