ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཁྲའོ་ཡིས་གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་དམ་པ་དོན་གཉེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ནོར་སྲིད་ཀྱི་འདེགས་སྐྱོར་བྱེད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས། གྲོས་ཚོགས་སྟེང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་། རྒྱལ་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ན་ནིང་གི་ནོར་སྲིད་བྱ་བར་ཕྱོགས་སྡོམ་དང་། མིག་སྔའི་ནོར་སྲིད་གནས་བབ་ལ་དབྱེ་ཞིབ། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བར་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་།

ལིའུ་ཁྲའོ་ཡིས་འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་འོག ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལྷག་པར་ནོར་སྲིད་ཁོངས་གཏོགས་ཀྱིས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པ། ནོར་དཔལ་སྒྲིག་ཁྲིམས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་པ། ནོར་སྲིད་འགན་ལེན་གྱི་ནུས་པ་དང་ནོར་སྲིད་བཅོས་སྐྱོང་གི་ཕན་ནུས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱས་པས། ཚད་གཞི་ལོན་པའི“ནོར་སྲིད་རྒྱུགས་ལན”སྤྲད་ཡོད་པར་བསྟན། 

ལིའུ་ཁྲའོ་ཡིས་ནོར་སྲིད་བྱ་བར་འཕྲད་པའི་གནས་བབ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། བརྟན་འཇགས་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱེད་པ། དངོས་སྒྲུབ་ནུས་མཐོའི་སྒོ་ནས་ད་ལོའི་ནོར་སྲིད་བྱ་བ་སོ་སོར་དམ་འཛིན་བཟང་པོ་བྱེད་པ། གཟབ་ནན་དང་བདེན་པ་བདེན་ཐུབ་རྒྱུན་འཁྱོངས་བྱེད་པ། “གཟེར་འདེབས་པའི”སྙིང་སྟོབས་ལ་བརྟེན་ནས་ནོར་དཔལ་སྒྲིག་ལམ་གཟབ་ནན་དུ་གཏོང་བའི་བྱ་བར་རྒྱུན་མཐུད་ངང་དམ་འཛིན་བཟང་པོ་བྱེད་པ། ས་གནས་ཀྱི་ནོར་ཤུགས་བསྡོམས་འབོར་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་མ་དངུལ་མཁོ་སྤྲོད་བྱེད་པ་མང་དུ་གཏོང་བ། གྲུབ་ཆ་ལེགས་སྒྲིག་དང་གནད་ཁེལ་དངུལ་གཏོང་མཐའ་འཁྱོངས་བྱེད་པ། དམངས་འཚོའི་མ་མཐའི་ཚད་ཐིག་དམ་སྲུང་བྱེད་པ། མཐོ་ས་དང“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། འཐབ་ཇུས་ཀྱི་བླང་བྱ་གལ་ཆེན་ལ་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་སྔར་ལས་ལེགས་པོར་བྱེད་པ། མས་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ། གོང་དུ་སྤེལ་བ་དང་བདེ་འཇགས་ཡོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁའི་ཆུ་ཚད་བརྟན་འཇགས་ངང་དམའ་རུ་གཏོང་བ། བྱ་ཐབས་སྣ་མང་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་བྱེད་ཤུགས་མཐོ་རུ་གཏོང་བ་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། ནོར་སྲིད་མ་དངུལ་གྱི་བེད་སྤྱོད་ཕན་ནུས་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་ཀྱི་ནོར་སྲིད་ཀྱིས་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།