ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ཡུའེ་ཞ་ཡིས་གཏན་འཇགས་ཁྲོད་ཡར་སྐུལ་དང་གསར་གཏོད་བདེན་སྲུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བར་བསུ་མ་བྱེད་པར་བསམ་བླའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་དང་ཀྲང་ལི་གཉིས་ཀྱིས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུ་དང་། དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྲོས་ཚོགས། ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་བསུ་མ་བྱེད་པའི་བརྗོད་དོན་དང་དམ་དུ་འབྲེལ་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་བསམ་བློའི་ཁག་ཐེག་དང་བསམ་བློའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས་ཞེས་བསྟན།

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བློ་སེམས་གཉིས་སུ་འབབ་པར་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པ། དྲིལ་སྒྲོག་བསམ་བློའི་བྱ་བ་དཀྱིལ་སྙིང་དུ་འཛིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གསར་གཏོད་བདེན་སྲུང་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཀྲའོ་ཡུའེ་ཞྭ་ཡིས་ནན་གྱིས་བསྟན་དོན། ད་ལོར་དོན་ཆེན་དང་དོན་བཟང་མང་པོ་ཡོད་པ་དང་། དམིགས་བསལ་གྱི་དུས་ཚོད་ཀྱང་མང་པོ་འདུག་ལ། ཡིད་ཆེས་མཐོར་འདེགས་དང་ཉེན་ཁར་འགྲན་སློང་བྱས་ཏེ། མི་འདང་ས་ཁ་གསབ་དང་བཟང་ཆ་སྦྱོང་བརྡར་བྱེད་པའི་སྤྱིའི་བསམ་ཕྱོགས་ཀྱིས། བྱ་བའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས་ཞེས་བསྟན། 

ཀྲའོ་ཡུའེ་ཞ་ཡིས། ད་ལོའི་བྱ་བས་བྱ་བ་ཚང་མ་ཐག་གཅོད་ལེགས་པོ་དང་། གནད་འགག་གི་གྲངས་ཀ་ཉུང་ཤས་དང་མང་ཆེ་ཤོས། སྤྱི་དང་བྱེ་བྲག བདེན་སྲུང་དང་གསར་གཏོད། ལས་དོན་འཆར་འགོད་དང་ལས་དོན་འགྲུབ་པའི་འབྲེལ་བ་བཅས་ཐག་གཅོད་བྱས་ཏེ། བརྗོད་དོན་གཙོ་བོའི་དྲིལ་སྒྲོག་དམ་འཛིན་དང་། སྨྱན་བྱད་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། དུས་རབས་ཀྱི་བརྩམས་ཆོས་མང་པོ་གསར་སྐྲུན་དང་དཔལ་ཡོན་གསར་སྐྲུན་གྱི་གཡུལ་འཐབ་བྱ་བ་ལེགས་པོར་སྒྲུབ་པ་དང་། རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། འདུ་ཤེས་འཛིན་སྟངས་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། གཞི་རིམ་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དྲིལ་སྒྲོག་བསམ་བློའི་བྱ་བའི་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་འདུས2022ལོའི་དྲིལ་སྒྲོག་བསམ་བློའི་བྱ་བའི་བསམ་འཆར་བསྡུ་ལེན་དང་། དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཚོགས་འདུ་དང་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ཚོགས་འདུ་བསྡུས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།